སྔ་འགྱུར་རྙིང་མའི་མ་དགོན་དྲུག
སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་དེང་དུས་ཞེས་ཡོངས་སུ་གྲགས་པ་ལྟར།

དཔལ་ཀཿ་ཐོག་རྡོ་རྗེ་གདན་ནི།
བོད་རབ་བྱུང ༣ པའི་མེ་མོ་ཡོས། སྤྱི་ལོ ༡༡༥༩ ལོར་མདོ་ཁམས་སྨད་དུ་ཀཿཐོག་དམ་པ་བདེ་གཤེགས་ཤེས་རབ་སེང་གེའི་ཕྱག་བཏབ། མདོ་རྒྱུ་སེམས་གསུམ་གྱི་བཤད་སྒྲུབ་སྤྱི་དང་། གཏེར་རྙིང་འགའ་ཤས་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་གཉིས་ཀྱི་གཏེར་ཆོས་གཉིས་རྩལ་དུ་བཏོན་ནས་ཉམས་བཞེས་མཛད་པ་ཡིན།
རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི།
བོད་རབ་བྱུང ༡༡ པའི་ཤིང་མོ་གླང་། སྤྱི་ལོ ༡༦༨༤ ལོར་མདོ་ཁམས་སྟོད་རུ་དམ་ཞེས་པའི་ས་ཡི་ཆར་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ནས་ཕྱག་བཏབ་པ་ཡིན། མདོ་རྒྱུད་བཤད་སྒྲུབ་ཕྱག་བཞེས་སྤྱི་དང་། གཏེར་ཆོས་ལ་ཟབ་གསང་ཀློང་ཆེན་སྙིང་ཐིག་གི་སྐོར་དང་། གཏེར་སྟོན་ཉི་གྲགས་ཀྱི་གཏེར་ཆོས་རྣམས་གཙོ་བོར་ཉམས་བཞེས་མཛད་པ་ཡིན།
ཨོ་རྒྱན་སྨིན་གྲོལ་གླིང་ནི།
བོད་རབ་བྱུང་༡༡ པའི་མེ་ཕོ་འབྲུག སྤྱི་ལོ ༡༦༧༥ ལ་གངས་ལྗོངས་དབུས་ཀྱི་ཕྱོགས་སུ་རིག་འཛིན་ཆེན་པོ་གཏེར་བདག་གླིང་བ་འགྱུར་མེད་རྡོ་རྗེས་ཕྱག་བཏབ། མདོ་སྔགས་སྤྱི་དང་སྒྱུ་འཕྲུལ་སོགས་བཀའ་མ་དང་སྨིན་གླིང་གཏེར་ཆེན་ཉིད་ཀྱི་གཏེར་ཆོས་རྣམས་གཙོ་བོར་བཟུང་ནས་ཉམས་བཞེས་གནང་བ་ཡིན།

ཐུབ་བསྟན་རྡོ་རྗེ་བྲག་ནི།
བོད་རབ་བྱུང་ ༡༡ པའི་ཆུ་ཕོ་སྤྲེལ། སྤྱི་ལོ ༡༦༣༢ ལོར་བོད་དབུས་སུ་རྡོ་བྲག་རིག་འཛིན་ཆེན་པོ་ངག་གི་དབང་པོས་ཕྱག་བཏབ་གནང་བ་ཡིན། བཀའ་མའི་ཆོས་སྤྱི་དང་གཏེར་ཆོས་ལ་བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་དང་དམིགས་བསལ་མངའ་རིས་པཎ་ཆེན་དང་རིག་འཛིན་རྒོད་ལྡེམ་གྱི་བྱང་གཏེར་ལ་ཕྱག་བཞེས་མཛད་པ་ཡིན།

ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནི།
བོད་རབ་བྱུང་ ༡༢ པའི་ཤིང་མོ་ཡོས། སྤྱི་ལོ ༡༧༣༤ ལོར་གངས་ཅན་བོད་ཀྱི་མདོ་ཁམས་སྟོད་ཕྱོགས་སུ་ཞེ་ཆེན་རབ་འབྱམས་སྐུ་འཕྲེང་གཉིས་པ་ཆོས་རྗེ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ནས་ཕྱག་བཏབ་པ་ཡིན། བཀའ་གཏེར་སྤྱི་དང་། བྱེ་བྲག་སྨིན་གླིང་གི་གཏེར་ཆོས་སྐོར་ལ་ཉམས་བཞེས་ཀྱི་བརྒྱུད་པ་འཛིན་པ་ཡིན་ནོ།

དཔལ་ཡུལ་རྗེས་ནས་ཁ་སྣོན་བྱེད་དགོས་

 

 ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu