རྒྱ་གར་གྱི་ཡབ་ཆེན་དམ་པ་མ་ཧཱ་མ་གྷན་དྷི་མཆོག་ནི་༡༨༦༩ལོར་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་གྷོའུ་ཇི་རཱ་ཐི་ཡི་བྷིར་བྷན་ཌར་ཞེས་པའི་ས་ཆ་རུ་སྐུ་འཁྲུངས་པ་དང་། མངའ་སྡེ་དེའི་ནང་སློབ་སྦྱོང་རིམ་པར་གནང་རྗེས།

ཕྱི་ལོ་༡༨༨༨ལོར་དབྱིན་ཇི་རུ་ཁྲིམས་ལུགས་སློབ་སྦྱོང་གནང་བར་ཕེབས་པ་དང་། ༡༨༩༡ལོར་ཕྱིར་རྒྱ་གར་དུ་ཕེབས་ནས་ལོ་གཅིག་ཙམ་བཞུགས་རྗེས། ལྷོ་ཨ་ཧྥེ་རི་ཁའི་ནང་ཕེབས་ཏེ་ལོ་༢༡རིང་དེར་བཞུགས་ཤིང་༡༩༡༥ལོར་ཕྱིར་རྒྱ་གར་དུ་ལོག ༡༩༢༡ལོར་རྒྱ་གར་གྱི་ཀོང་ར་སི་ཚོགས་པའི་ནང་འཛུགས་ཞུགས་གནང་བ་ནས་བཟུང་ཁོང་གིས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་འགན་འཁུར་ཏེ། རྒྱ་གར་ནང་གི་མི་རིགས་དང་ཆོས་ལུགས་ཁག་དབྱེར་མེད་ཀྱི་ཐོག་ནས་སྐུ་ལས་ཞེ་དྲག་བསྐྱོན་ཡོད་པར་བརྟེན། རྒྱ་གར་རང་བཙན་འཐབ་རྩོད་ཀྱི་དབུ་འཁྲིད་དང་རྒྱ་གར་གྱི་ཡབ་ཆེན་ཞེས་བརྩི་མཐོང་ཆེན་པོ་ཐོབ་ཡོད་པ་རེད།

 ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་ཆེད་བསྒྲིགས་བྱས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu