མཚོ་སྐྱེས་རྗེ་དང་བི་མ་མི་ཏྲ་སོགས། །གསང་ཆེན་བསྟན་པའི་དཔལ་དུ་རྣམ་འཕྲུལ་བ། །
འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་རྗེའི། །ཡང་སྤྲུལ་བསྟན་པའི་ཉི་མ་མྱུར་འབྱོན་ཤོག །

ཅེས་པ་འདི་ནི་གསང་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག་རྫ་རོང་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་མཆོག་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོའི་མནར་ཡང་མཆོད་འབུལ་ཙམ་ལས་བྱ་ཐབས་བྲལ་༸སྐྱབས་རྗེ་དམ་པ་གང་སྐུ་འཚོ་བཞུགས་སྐབས་དབང་ལུང་ཁྲིད་ཀྱིས་མན་ངག་མང་པོ་ནོད་པའི་སྐལ་བཟང་ལ་རོལ་མྱོང་བའི་བཀའ་དྲིན་བརྗེད་མེད་ཀྱིས་མྱུར་འབྱོན་སྨོན་ལམ་ཞིག་འབྲི་འདུན་ཡོད་ཁར་གང་གི་ཞལ་སློབ་དམ་པ་ངག་དབང་ཆོས་འཕེལ་རྒྱ་མཚོས་ནན་བསྐུལ་གནང་བ་བཞིན་རྫོགས་སྤྲུལ་བདུན་པའི་མཚན་འཛིན་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་ནས་མྱུར་བྲིས་བྱས་པ་དེ་དེ་བཞིན་འགྲུབ་པའི་སྨོན་འདུན་དང་བཅས།
བོད་རབ་གནས་ལྕགས་མོ་ཡོས་ལོའི་ཟླ་ ༡༢ ཚེས་ ༢༡ ལ།
རྫོགས་སྤྲུལ་བདུན་པས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu