མཆོག་སྤྲུལ་རྡེ་རྗེ་བཀྲ་ཤིས་འམ་མཁན་ཆེན་རྡོ་རྗེ་བཀྲ་ཤིས་མཆོག་ནས་གསར་འཛུགས་མཛད་པའི་མི་ཉག་རྫོགས་ཆེན་སློབ་གྲྭ་ནི་མི་ཉག་རྡོ་ར་དཀར་མོ་ཞེས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཆེན་ཁྱད་པར་ཅན་དེར་གསར་འཛུགས་མཛད་པའི་སློབ་གླིང་ཞིག་ཡིན་པ་དང་། སློབ་གྲྭའི་ནང་་ད་ལྟའི་ཆར་སློབ་མ་གཅིག་སྟོང་ལྷག་ཙམ་ཡོད་པ་དང་།

སློབ་གྲྭའི་ནང་རང་རེས་ཐུན་མོང་མ་ཡིན་པས་བོད་ཀྱིས་སྐད་ཡིག་གཙོ་བོར་གྱུར་པའི་དབྱིན་རྒྱའི་ཡི་གེ་སོགས་སློབ་ཁྲིད་གནང་བཞིན་པ་རེད། སྤྱིར་མི་ཉག་རྡོ་ར་དཀར་མོ་ནི་གྲུབ་དབང་རྫོགས་ཆེན་ཚང་གི་ལོ་རྒྱུས་ནང་ཆེས་གལ་འགང་ཆེ་ཞིང་རྫོགས་ཆེན་པདྨ་རིག་འཛིན་གྱིས་གདན་ས་ཨང་དང་པོར་ལུང་བསྟན་ཡོད་པའི་གདན་ས་ཞིག་དང་། ཁྱད་པར་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ཀྱང་ལུང་ཟིན་གི་སྐྱེས་བུ་ཚད་ལྡན་ཞིག་ཡིན་པར་མི་མང་ལ་ངེས་ཤེས་ཡོད་ས་ཞིག་ཀྱང་ཡིན་ད་ཐེངས་ཀྱི་སློབ་གྲྭ་དང་དགོན་པ་འདི་ག་ཁོ་མི་སྒེར་གྱིས་ཐུགས་བསྐྱེད་ལས་འཁྲུངས་བ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu