དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། ། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌།། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནད་གདོན་བར་ཆད་ཞི་བར་མཛད་པ་དང༌། ། འཆི་མེད་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་པར་ཆད་མི་འབྱུང་ཞིང༌།། མཐུན་རྐྱེན་བསམ་པ་འགྲུབ་པ་དང༌།། མཆོག་དང་ཐུན་མོང་དངོས་གྲུབ་རྩོལ།།
གསོལའདེབས་དངོས་གྲུབ་ཀུན་འབྱུང༌། ། སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། ། གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། ། བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། ། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། ། གསོལ་བ་འདེབས་སོ་བྱིན་གྱིས་རློབས། ། ཕྱི་ནང་གསང་བའི་བར་ཆད་སོལ། ། བསམ་པ་ཡིད་བཞིན་འགྲུབ་པ་དང༌། ། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
རྗེ་བཙུན་པདྨ་ཐོད་ཕྲེང་རྩལ།། དྲག་པོ་ཡེ་ཤེས་རབ་འབར་ལ།། སྙིང་ནས་གུས་པའི་གསོལ་བ་འདེབས།། གེགས་ཞི་བསམ་དོན་མྱུར་འགྲུབ་མཛོད། །
སྐྱབས་གནས་བསླུ་མེད་དཀོན་གཆོག་རིན་པོ་ཆེ། ། ཐུགས་རྗེ་མངའ་བའི་ཨོ་རྒྱན་པདྨ་ལ། ། བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་མཐུས། ། མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ། །
ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།