སྤྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། ཅམ་རཱ་ཇཱུ་ན་གྷར་རྫོང་། ཀོ་ལེ་གྷལ་བོད་མའི་གཞིས་ཆགས་དོན་ལྡན་གླིང་དུ་རྟེན་གཞི་བྱས་པའི། བྱེས་ཀྱི་གྲུབ་དབང་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ། སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
ལས་བྱེད་འཕོ་ལེན་དང་བཀའ་སློབ།
སྤྱི་ལོ་ ༢༠༡༢ ལོའི་བོད་ཟླ་ ༦ པའི་ཚེས་ ༤ ཉིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་མོར། གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་དབུར་བཞུགས་ཐོག ཆོས་འཁོར་དུས་ཆེན་ལ་རྗེས་དྲན་གྱི་ཆོས་ཚོགས་ཤིག་འཚོགས་པ་དང་། དགོན་པའི་རྒྱུན་ལས་འཕོ་ལེན་གྱིས་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད།
རྫོགས་ཆེན་མཁན་པོ་ཕྱོགས་བསྐྱོད།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྫོགས་ཆེན་དགོན་གཞུང་འབྲེལ་དུ་ཕྱོགས་བསྐྱོད་ཕེབས་འདུག དེ་ཡང་བོད་ཟླ་ ༠༡་ཚེས་༠༥ ཉིན་རྫོགས་ཆེན་རིན་པོ་ཆེ་དང་མཉམ་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་༡༢་ཙམ་འབྲས་ལྗོངས་ལ་མཉམ་འཛོམས་ཀྱིས་དགོན་དོན་ལ་གྲོས་བསྡུར་དང་། ཁྱད་པར་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེར་སྙིང་ཐིག་དུམ་གཉིས་གསུང་བསྐུལ་ཞུས།
གྲུབ་དབང་རྫོགས་ཆེན་པའི་ཞབས་རིམ་གསོག་སྒྲུབ།
ཟླ་འདིའི་ཚེས་ ༠༩ ནས་དབུ་འཛུགས་ཀྱིས་གྲུབ་དབང་རྫོགས་ཆེན་དགོན་དུ་ཞབས་རིམ་འཚོགས་ཡོད་ལ། དེ་ནི་རྫོགས་ཆེན་དགོན་གྱི་ལོ་རེའི་ཞབས་རིམ་གལ་ཆེན་ཞིག་ཡིན་པ་དང་། སྐབ་དེར་མ་གཟའ་དམ་གསུམ་འབུམ་ཚར་རེ་དང་། བར་བསམ་སྒྲོལ་གསུམ། ཁྱད་པར་སྒྲོལ་མ་འབུམ་འདོན། དེ་བཞིན་བཀའ་དག་སྒྲོགས་སོགས་བོད་བསྟན་སྲིད་ཀྱི་ཕྱིར་རམ་མདོར་ན་བསྟན་པ་དར་ཞིང་སེམས་ཅན་བདེ་ཕྱིར་ཉིན་དྲུག་རིང་འཚོགས་ནས་ཁ་སང་ཚེས་ ༡༦ ཉིན་གསོལ་མཆོད་བྱས་ནས་མཇུག་གྲུབ་ཡོད།
ཤྲཱི་སེང་བཤད་གྲྭ་སླར་དབུ་འཛུགས་གནང་རྒྱུ།
བོད་ཟླ་གཉིས་པའི་ཚེས་ ༡༥་ཉིན་གྲུབ་དབང་རྫོགས་ཆེན་པའི་བཤད་གྲཱ་ཤླཱི་སེང་ཧ་སླར་དབུ་འཛུགས་གནང་རྒྱུ། དེ་ཡང་ཚེས་ ༡༤ ཉིན་བཤད་གྲྭ་བ་རྣམས་ཀྱི་མཚན་ཐོ་འགོད་རྒྱུ་དང་ངོས་ལེན་གནང་རྒྱུ། རྒྱུན་ཞུགས་གོང་གསེང་ཕེབས་པ་རྣམས་ཀྱིས་ཀྱང་འབྱོར་ཐོ་འགོད་རྒྱུ།
སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེས་མཛད་རིམ་ཁག
སྤྱི་ལོ ༢༠༡༢ ལོའི་སྤྱི་ཟླ ༠༣་པའི་ཚེས ༡༩ ནས་དབུ་འཛུགས་གིས་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་ཨ་རི་ལ་ཕེབས་ནས་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་དང་། དེ་ནས་ཡོ་རོབ་ལ་ཆེད་ཕེབས་གནང་ནས་སྤ་རན་སུ། འཇར་མི་ནེའི། སོའི་སུ་སོགས་ཡོ་རོབ་རྒྱལ་ཁབ་བདུན་ལ་ཕེབས་ནས་ཟླགཉིས་ལྷག་གི་མཛད་རིམ་དང་། དེ་ནས་ཨོ་སུ་ཀྲོ་ལེ་ཡ་ནས་བདུན་ཕྲག་གསུམ་ལྷག་གི་མཛད་འཕྲིན་སྤེལ་རྒྱུ།
གལ་ཆེའི་དུས་བརྡ།
གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་་་་་་མཆོག་གི་དྲུང་དེར།
ཆེད་འབུལ།
སྤྱི་ལོ་༢༠༡༡ལོར་འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་དུ་རྫོགས་ཆེན་རིན་པོ་ཆེ་དབུ་བཞུག་ཐོག་ཆོས་བརྒྱུད་དགོན་སྡེ་ཁག་ལྔ་བཅུ་ང་གསུམ་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་གྲོས་བསྡུར་གྲོས་ཆོད་བྱུང་བ་བཞིན།
གྲུབ་དབང་རྫོགས་ཆེན་པའི་ལོ་གཅིག་གི་ལས་རིམ་གལ་ཆེ་ཁག
བོད་ཟླ ༠༡ ཚེས་༠༡་ཉིན་རབ་གནས་ཆུ་ཕོ་འབྲུག་ལོའི་ལོ་གསར། བོད་ཟླ ༠༡ ཚེས་ ༠༥་ནས་སིདྡྷི་དུང་སྒྲུབ་དབུ་འཛུག བོད་ཟླ་གཉིས་པའི་ཚེས་ ༡༥ ནས་ཤྲཱི་སེང་བཤད་གྲྭ་སླར་དབུ་འཛུག་གནང་རྒྱུ། བོད་ཟླ ༠༤ ཚེས ༠༧ ནས་༡༥ པར་སྨྱུང་གནས་འཚོགས་རྒྱུ། བོད་ཟླ ༠༥་ཚེས་ ༡༥་ཉིན་འཛམ་གླིང་སྤྱི་བསང་གཏོང་རྒྱུ། བོད་ཟླ ༠༥་ཚེས་ ༡༨ ཉིན་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་རོལ་རྒྱུ།