ཀུན་ལ་སྦྱར་ཆོག་པའི་པར་བྱང་སྨོན་ཚིག

པར་བྱང་སྨོན་ཚིག
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གླེག་བམ་ཁུར།།
ཡོང་བཀྲལ་པཎ་གྲུབ་བྱེ་བའི་གསུང་མཛོད་ཆོས།།
འཇིག་རྟེན་མ་ལུས་བདེ་བའི་སྨན་གཅིག་སུ།།
འཛད་མེད་ཆུ་གཏེར་རྣམ་བཞིའི་འཛུམ་རིས་དཀར།།

(more…)

མྱུར་འབྱོན་སྨོན་ཚིག་དད་པའི་རང་སྒྲ་ཞེས་བྱ་བ།

མཚོ་སྐྱེས་རྗེ་དང་བི་མ་མི་ཏྲ་སོགས། །གསང་ཆེན་བསྟན་པའི་དཔལ་དུ་རྣམ་འཕྲུལ་བ། །
འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་རྗེའི། །ཡང་སྤྲུལ་བསྟན་པའི་ཉི་མ་མྱུར་འབྱོན་ཤོག །

(more…)

ཞབས་བརྟན་གསོལ་སྨོན་བདེན་པའི་གྲུ་ཆར།

ཨོྃ་སྭ་སྟི།
མཚོ་སྐྱེས་མ་ཧཱ་གུ་རུའི་ཐུགས་ཀྱི་སྲས། །གཏེར་ཆེན་ལས་རབ་གླིང་བའི་ཆོས་ཀྱི་བདག །
རྒྱུད་ལུང་མན་ངག་རྒྱ་མཚོའི་མངའ་བདག་ཆེ། །ལུང་རྟོགས་བསྟན་འཛིན་བཟང་པོ་ཞབས་བརྟན་གསོལ། །

(more…)

གྲུབ་དབང་བླ་མ་ཨ་ཁྱུག་རིན་པོ་ཆེ་མྱུར་འབྱོན་སྨོན་ཚིག

སྟོང་ཆེན་འགྱུར་མེད་ཆོས་སྐུའི་གཞི་དབྱིངས་ནས། །ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །
གང་འདུལ་སྤྲུལ་བའི་རོལ་གར་མཚོ་སྐྱེས་རྗེ། །རིག་སྟོང་དོན་གྱི་གྲུབ་དབང་བླ་མར་གུས། །

(more…)

Menu