ཤུད་པུ་དཔལ་གྱི་སེང་གེ།

ཤུད་པུ་དཔལ་གྱི་སེང་གེ།
གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱི་བྱུང་པུར་མཚན་གསོལ་པས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་པུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར།

(more…)

ལོ་ཆེན་སྐ་བ་དཔལ་བརྩེགས།

ལོ་ཆེན་སྐ་བ་དཔལ་བརྩེགས།
སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སར་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱ་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་སུམ་དུ་ཕྱིན། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས།

(more…)

ལྡན་མ་རྩེ་མང་།

ལྡན་མ་རྩེ་མང་།
ཁམས་ལྡན་གྱི་ཡུལ་འཁྲུངས་པས་ལྡན་མར་གྲགས་ཏེ་མཚན་དངོས་རྩེ་མང་པོ། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་སྟེ་ལོ་ཙཱ ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་ནང་ཚན་མཆེད་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ།

(more…)

མཁར་ཆེན་དཔལ་གྱི་དབང་ཕྱུག།

མཁར་ཆེན་དཔལ་གྱི་དབང་ཕྱུག།
མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་ཐུགས་སྲས་སུ་གྱུར། ཕྱག་གིས་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་བསྒྲལ་ནས་འགུམ་པར་བྱེད་ནུས་ཏེ། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་གཤམ་དུ་འང་ཅུང་ཟད་འཆད་དོ། །རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིག་སྔགས་འཆང་བའི་དབང་ཕྱུག་ཞིག་གོ །

ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

སྣ་ནམ་ཡེ་ཤེས།

སྣ་ནམ་ཡེ་ཤེས།
སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྜེ་ཡེ་ཤེས་སྟེ་ཡིན་པ་བཞེད་དེ་ལོ་ཙཱ་མཁས་པའི་ཕུལ་དུ་ཕྱིན་ཞིང་། ནམ་མཁའ་ལ་བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་གཉིས་ཀ་དང་ལྡན་པ་ཡིན་ནོ། །རྟེན་རབ་བྱུང་ཡིན་པར་སྣང་ངོ་། །

ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

སློབ་དཔོན་ཡེ་ཤེས་དབྱངས།

སློབ་དཔོན་ཡེ་ཤེས་དབྱངས།
ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་འབྲི་མི་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །ཞེས་སོགས་གསུངས་པ་ལས་ཤེས་སོ།

(more…)

སྣ་ནམ་རྡོ་རྗེ་བདུད་འཇོམ།

སྣ་ནམ་རྡོ་རྗེ་བདུད་འཇོམ།
རུས་སྣ་ནམ་སྟེ་གཞོན་དུས། ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད། ཕྱིས་སློབ་དཔོན་ཆེན་པོ་ལ་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནས་སྔགས་འཆང་ཆེན་པོར་བཞུགས་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབས་པའི་རྗེས་ད་ལྟ་ཡང་ཡོད།

(more…)

རྒྱལ་མོ་གཡུ་སྒྲ་སྙིང་པོ།

རྒྱལ་མོ་གཡུ་སྒྲ་སྙིང་པོ།
གཙང་ལེགས་གྲུབ་ཀྱི་སྐྱེབ་སྟེ། མདོ་གཞོར་རྒྱལ་ཁབ་རྒྱལ་མོ་ཚ་བའི་རོང་དུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞིང་། མཁའས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙྪ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སློབ་དཔོན་ཆེན་པོའི་དྲུང་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས།

(more…)

ལོ་ཆེན་བཻ་རོ་ཙ་ན།

ལོ་ཆེན་བཻ་རོ་ཙ་ན།
གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉ་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད།

(more…)

རླང་དཔལ་གྱི་སེང་གེ།

རླང་དཔལ་གྱི་སེང་གེ།
ལྷ་གཟིགས་རླང་གི་གདུང་ལས། ཡབ་ཨ་མྱེས་བྱང་ཆུབ་འདྲེ་ཁོལ་ཞེ་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་བ་དང་། ལྷ་སྲིན་བྲན་དུ་ཁོལ་བ་དེ་དང་། ཡུམ་ཇོ་མོ་སྐལ་ལྡན་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས།

(more…)

Menu