རྟེན་འབྲེལ་ལམ་ཡག ་འཆམས་ལུགས་
རྟེན་འབྲེལ་ལམ་ཡག
དགེ་གསུམ་འབྲས་བུ་ཁྱེད་ལ་ཡག་པོ་ འོང་། །ཨ་ལ་ལ༴ །བྱ་ཤང་ཤང་ཏེའུ་གྲགས་པ་དང་། །ནོར་བསམ་འཕེལ་རྒྱལ་མཚན་ཕྱར་བ་ དང་། །ང་ རྟེན་འབྲེལ་ལམ་ཡག ་འཆམ་པ་ གསུམ། །སུ་དང་ཐུག་ཀྱང་བཀྲ་ཤིས་དོན་གྲུ བ་ཡིན། །རྟེན་འབྲེལ་ལ་ཉེ་དེ་རིང་བཟང་། །ཡག་གསུམ་ཡག་གི་གོང་བ་ལ། །ཁྱེད་ཅི་བསམ་འགྲུབ་པའི་བཀྲ་ཤི ས་ཤོག །བླ་མ་ཨོ་རྒྱན་པདྨའི་བཀྲ་ཤིས་ཤོ ག །ཡི་དམ་འཇམ་པའི་དབྱངས་ཀྱིས་བཀྲ་ ཤིས་ཤོག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ ཤིས་ཤོག །ཆོས་སྐྱོང་གེ་སར་རྒྱལ་པོའི་བཀྲ ་ཤིས་ཤོག །ཚེ་རིང་བའི་བཀྲ་ཤིས་ཤོག །ནད་མེད་པའི་བཀྲ་ཤིས་ཤོག །ནོར་འཕེལ་བའི་བཀྲ་ཤིས༴ །དོན་གྲུབ་པའི༴ ཨ་ལ་ལ༴ །ཕྱོགས་གང་དུ་བལྟས་ཀྱང་བཀྲ་ཤིས་ རེད། །དུས་གང་དུ་བསམས་ཀྱང་བཀྲ་ཤིས་རེ ད། །དེ་སྣང་སྲིད་དག་པ་རབ་འབྱམས་རེ ད། །དུས་དེ་རིང་དགའ་པོ་སྐྱིད་དོ་ཨཱ ། །ལྷ་ཨོ་རྒྱན་པདྨས་མངགས་དོན་གྲུ བ། །མགོན་འཇམ་དཔལ་དཔའ་བོའི་བཞེད་དོ ན་གྲུབ། །མ་ཡེ་ཤེས་མཚོ་རྒྱལ་ལས་དོན་གྲུ བ། །སྐུ་སེང་ཆེན་རྒྱལ་པོའི་བཀའ་དོ ན་གྲུབ། །ང་གར་སོང་ས་ན་ལ་ཉེ་ཡག །གར་སྡད་ས་ན་ཕྲིན་ལས་འཕེལ། །ཁྱེད་འདིར་ཚོགས་རྣམས་ལ་བཀྲ་ཤི ས་ཤོག །བཀྲ་ཤིས་སོ་མི་འགྱུར་བཀྲ་ཤིས་ འཕེལ། །བཀྲ་ཤིས་སོ་ལམ་ཡག་གོ་ལྷ་རྒྱལ་ ལོ། །ཞེས་པའང་བསེ་རུ་འོད་ལྡན་དཀར་པོ ས་མེ་སྤྲེལ་ཟླ་བ་དྲུག་པའི་ཚེས་ གསུམ་ལ་འབྲས་དཀར་ཞིག་གི་རྐྱེན་ ལས་ཡིད་ལ་ཤར་བ་མངྒ་ལཾ།། །།
༄༅། ། འཇམ་དབྱངས་གང་བློ་མ་བཞུགས་སོ། །
༄༅། ། འཇམ་དབྱངས་གང་བློ་མ་བཞུགས་སོ། །
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲི ན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟི གས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་ བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་ མུན་འཐུམས་སྡུག་བསྔལ་གྱིས་གཟིར་ བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་ བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡ ན་གསུང་། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོ ངས་གཉིད་སློང་ལས་ཀྱི་ལྕགས་སྒྲོ ག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་ གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣ མས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོ ན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་ སྤྲས་བདག་བློའི་མུན་སེལ་འཇམ་པའི ་དབྱངས་ལ་འདུད། ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཅི་ནུས་བཟླས་མཐར།
བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོ ད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་ གསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོ གས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩ ལ་དུ་གསོལ། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། ། གེགས་མེད་པར་ཡང་མཐོང་བར་ཤོག །
གཉགས་ལོ་ཡེ་ཤེས་གཞོན་ནུ།
གཉགས་ལོ་ཡེ་ཤེས་གཞོན་ནུ།
འཁྲུངས་ཡུལ་ཡར་ལུང་ཤེར་པའམ་འཕྱོ ས། རུས་ལས་མིང་དུ་ཆགས་པ་གཉགས་སྟག་ སྒྲ་ལྷ་སྣང༌།སྲུ་བཟའ་མགོན་སྐྱི ད་གཉིས་ཀྱི་སྲས་སུ་འཁྲུངས། མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲ མ་གྱི་ཚུལ་དུ་ཡོད།མཚན་རྒྱལ་བའི་ བློ་གྲོས་སུ་བཏགས། མཁན་ཆེན་བོ་དྷི་སཏྭ་ལས་རབ་ཏུ་བྱུ ང་ཞིང་བསྙེན་པར་རྫོགས། མཁྱེན་རབ་བསམ་གྱིས་མི་ཁྱབ་པས་ མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། སློབ་དཔོན་ཆེན་པོ། བི་མ་ལ། བཻ་རོ། གཡུ་སྒྲ་རྣམས་བསྟེན་པས་བཀའི་ཆུ་ བོ་བཞི་འདུས་པས། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་ པ་དང་པོ་གཉགས་ལ་བབས་ཞེས་འབྱུང༌། གཙོ་བོར་ཕུར་པ་ལ་མངོན་རྟགས་བརྙེ ས་པས་རྫུ་འཕྲུལ་གྱི་མཐུ་གྲུབ། ཕུར་པ་གཉགས་ལུགས་ཞེས་ཕྱིས་ཀྱི་ བར་དུ་དར་རྒྱས་ཆེ་བ་དང༌།སློབ་ དཔོན་ཆེན་པོས་བཀའ་བརྒྱད་ཀྱི་ དབང་བསྐུར་དུས་རྒྱལ་པོ་དང་ལྷན་ ཅིག་དབུས་ཀྱི་ཆེ་མཆོག་ལ་མེ་ཏོག་ ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་ རྩི་སྨན་གྱི་བཀའ་བབས། སྒྲུབ་གནས་ཡར་ལུང་ཤེལ་བྲག་ནས་རྫུ ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ ལྟའང་ཡོད། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་ གྲུབ་པ་ཐོབ་སྟེ་བྱ་རོག་ཞིག་ཏུ་ བརྫུས་ནས་གྲོགས་པོའི་རྩར་བྱོན་ པས་རྒྱལ་བ་མཆོག་དབྱངས་ཀྱིས་ཀྱང་ ངོ་མཁྱེན་པས། སླར་རྔ་མོ་ཆུང་ངུ་ཞིག་ཏུ་སྤྲུལ་ ནས་བསྐོར་བ་ལན་གསུམ་བྱས་ནས་མཆོ ག་དབྱངས་ལ་སྤྱང་རབ་བྱུང་གསུངས་ སྐད་དེ།དབེན་པ་དེར་དེང་སང་ཡང་བྱ ་རོག་རྫོང་དུ་གྲགས། བཀའ་བབས་མི་བརྒྱད་ཀྱི་དུས་གཉགས་ མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་བར་མ་ གནང་ཡང་འདིར་བཀའ་བརྒྱད་བདེར་འདུ ས་ལྟར་བྲིས་སོ།། གང་ལྟར་ཡང་མདོ་སྒྱུ་སེམས་གསུམ་ གྱི་བསྟན་པའི་མངའ་བདག་ཏུ་གྱུར། སློབ་མ་སོག་པོ་དཔལ་གྱི་ཡེ་ཤེས་ སོགས་དཔལ་གྱི་བུ་བརྒྱད་དུ་གྲགས་ པ་དང༌། དབོན་རྒྱུད་རྣམས་ལས་ཀྱང་ཕྲིན་ ལས་རྒྱ་ཆེར་བྱུང༌། འདིའི་རྣམ་འཕྲུལ་ཡར་སྟོད་ར་མོ་ ཤེལ་སྨན་དང༌། བྱ་རོང་ཨེ་ཡི་སྨན་པ་ཉི་འོད་གསལ་ སོགས་སྤྲུལ་པའི་གཏེར་སྟོན་ཅི་རི གས་པ་བྱོན་པར་སྣང༌།
དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ།།
དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱ ལ།
འདིའི་འཁྲུངས་ཡུལ་དང༌། ཡབ་ཡུམ་གྱི་མཚན་སོགས་ལ་ནི་མི་ འདྲ་བ་མང་དུ་སྣང་ཡང་ཐང་ཡིག་ལྟར་ ན། ཡབ་ནམ་མཁའ་ཡེ་ཤེས་དང༌། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲ ས་སུ་སྦྲགས་ཀྱི་གྲོང་མོ་ཆེར་འཁྲུ ངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་ དུས་ཀྱི་ཞབས་རྗེས་དང༌། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་ སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་ གུ་རུའི་ཐུགས་ཀྱི་གཟུངས་མར་གྱུ ར། སློབ་དཔོན་དང་མཇལ་ཚུལ་མི་འདྲ་བ་ སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོ ག་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣ མས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེ ས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་ པོར་སློང་ནུས། གཞོ་སྟོད་ཏི་སྒྲོར་ཟབ་ཆོས་མཁའ་ འགྲོ་སྙིང་ཐིག་སོགས་གྲུབ་པའི་ གནས་ཆེན་རྣམས་སུ་ཨོ་རྒྱན་ཆེན་པོ ་ལས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་ཐུ གས་ཉམས་སུ་བཞེས་པས་གྲུབ་པའི་གོ་ འཕང་མཐོན་པོར་གཤེགས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་ པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་ བར་སོང་བས་དེ་འདྲེན་པའི་ཕྱིར་ དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་ བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་ རཀ་དོང་སྤྲུགས་ཀྱི་དཀྱིལ་འཁོར་ བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ ནས་ཤ་ཏས་གཙོས་པའི་དམྱལ་བའི་སེ མས་ཅན་ཐམས་ཅད་དྲངས་ཏེ་དམྱལ་ཁམས་ ལན་གཅིག་སྟོངས་པར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་ བསམ་གྱིས་མི་ཁྱབ་པའི་ཆོས་སོ་ཅོ ག་གི་བཀའི་བསྡུ་བ་མཛད་ཅིང༌། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་ དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤ ངས་པར་ས་སྤྱོད་ཟངས་མདོག་དཔལ་རི ར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་ གཟུངས་མར་བཞུགས་ཤིང་བོད་ཡུལ་འགྲོ ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་ གཅིག་ཡིད་བཞིན་ནོར་བུ་དེའོ།།གཤེ གས་ལོ་སོགས་ལའང་སྣ་ཚོགས་སྨྲ་བར་ སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་ ལ། གུ་རུའི་བཀའ་ཐམས་ཅད་གཏེར་དུ་སྦེ ད་པ་སོགས་ཕལ་ཆེར་ཡང་ཡེ་ཤེས་མཁའ་ འགྲོ་འདི་ཉིད་ཀྱིས་མཛད་པ་ལ་བརྟེ ན་ནས་སྤྲུལ་པའི་གཏེར་སྟོན་ཆེན་ པོ་རྣམས་རྗེས་སུ་བཟུང་ཞིང་ལུང་ བསྟན་དབང་བསྐུར་དབུགས་དབྱུང༌། འགའ་ཞིག་གི་གསང་བའི་གྲོགས་སུ་རྣ མ་པར་འཕྲུལ་པ་སོགས་མཐའ་ཡས་ཤིང་ དངོས་ཀྱི་སྤྲུལ་པའང༌། ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་དང༌ ། མཁའ་འགྲོ་མ་ཀུན་དགའ་འབུམ་སོགས་ སྤྲུལ་པའི་གཏེར་སྟོན་ཆེན་མོ་སྐུ ་ལུས་མ་སྤངས་པར་མཁའ་སྤྱོད་དུ་ གཤེགས་པས་མཚོན་ངོ་མཚར་བསམ་གྱིས་ མི་ཁྱབ་བོ།།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།
རླངས་དཔལ་གྱི་སེང་གེ་ཕྱི་མ།།
རླངས་དཔལ་གྱི་སེང་གེ་ཕྱི་མ།
ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མེས་བྱང་ཆུབ་འདྲེ་འཁོལ་ཞེ ས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་ པ་དང༌། སྲིན་པོ་བཏུལ་བ་དང༌། གླིང་རྗེ་གེ་སར་གྱིས་གླིང་ཡུལ་ དུ་གདན་ལན་གཉིས་དྲངས་ནས་ཕྱོགས་ བཞིའི་འདྲེ་ཆེན་པོ་བཞི་བཏུལ་ཅི ང༌། ལྷ་སྲིན་བྲན་དུ་འཁོལ་བ་དེ་དང༌། ཡུམ་ཇོ་མོ་སྐལ་ལྡན་མ་གཉིས་ལ་སྲ ས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི ་ཁྱབ་པ་མངའ། ཁྱད་པར་སློབ་དཔོན་ཆེན་པོའི་ཐུ གས་སྲས་སུ་གྱུར། དབང་བསྐུར་ཞུས་དུས་མེ་ཏོག་འཇིག་ རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོ ར་ལ་ཕོག་པས་དྲེགས་པའི་བཀའ་བབས། དྲེགས་ཚོགས་ལྷ་སྲིན་ཐམས་ཅད་བྲན་ དང་གཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གྲོ་སྟག་ཚང་དུ་བཅོ མ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི ་ལྷ་ཞལ་གཟིགས་ཤིང་དངོས་གྲུབ་རྣ མ་པ་གཉིས་ཐོབ་པ་ཡིན་ནོ།། རླངས་ལྷ་གཟིགས་ཀྱི་གདུང་ལས་སྡེ་ སྲིད་ཕག་མོ་གྲུ་པ་ཞེས་སྣེའུ་གདོ ང་པ་རྣམས་བྱུང༌། འདིའི་རྣམ་འཕྲུལ་སྤྲུལ་པའི་གཏེ ར་སྟོན་རྭ་སྟོན་སྟོབས་ལྡན་རྡོ་ རྗེ་སོགས་ཅི་རིགས་བྱོན།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།
རྒྱལ་མོ་གཡུ་སྒྲ་སྙིང་པོ།།
རྒྱལ་མོ་གཡུ་སྒྲ་སྙིང་པོ།
རྒྱལ་མོ་ཚ་རོང་མདོ་གཞེར་རྒྱལ་ ཁབ་ཏུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞི ང༌། མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲ ངས་སུ་བྱོན་ཞིང༌། སློབ་དཔོན་ཆེན་པོའི་དྲུང་དུ་མན་ ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ ཤིང༌། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་ སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུ ས། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་ དགོངས་ཀློང་དུ་གྱུར། སེམས་ཀློང་སོགས་ཀྱི་བསྟན་པའི་སྲོ ག་ཤིང་ཆེན་པོའོ།། འདིའི་རྣམ་འཕྲུལ་སྨིན་གླིང་ལོ་ ཙཱ་བ་དྷརྨ་ཤྲཱི་སོགས་བསྟན་པ་ལ་ བྱ་བ་བྱེད་ནུས་པ་མང་དུ་བྱོན་ཅི ང༌། བྲག་གསུམ་གཏེར་སྟོན་རྡོ་རྗེ་ཐོ གས་མེད་དམ་བསྟན་འཛིན་ཟླ་འོད་རྡོ ་རྗེ་སོགས་གཏེར་སྟོན་ཡང་ཅི་རི གས་པ་བྱོན་པར་མངོན།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།
སློབ་དཔོན་ཡེ་ཤེས་དབྱངས།།
སློབ་དཔོན་ཡེ་ཤེས་དབྱངས།
ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ ཀྱི་གཏེར་ཡིག་བྲི་མི། གསལ་དག་མཁས་པའི་ཡིག་མཁན་མི་བརྒྱ ད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན།། ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་སྟེ །། ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱི ད་ཡིན།། ཞེས་སོགས་གསུངས་པ་ལས་ཤེས་སོ།། གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་ བགྲོད་ནུས་པའི་རྫུ་འཕྲུལ་དང་དངོ ས་གྲུབ་བརྙེས་པ་ཞིག་གོ། འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣ ང་ཡང༌། ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨཱ ་ཙ་རའི་ཆ་བྱད་དུ་བྲི་བའང་སྣང༌། རྟེན་རབ་བྱུང་ཡིན་ནོ།།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།
མཁར་ཆེན་དཔལ་གྱི་དབང་ཕྱུག།
མཁར་ཆེན་དཔལ་གྱི་དབང་ཕྱུག
མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མི ང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་ པའི་ཐུགས་སྲས་སུ་གྱུར། ཕྱག་གི་ཕུར་པ་གདེངས་པ་ཙམ་གྱིས་ གཟས་པ་པོ་ཇི་ཙམ་ཡང་སྒྲོལ་བར་བྱེ ད་ནུས། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང༌། རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེ ས་ཚུལ་བཀའ་མའི་ལོ་རྒྱུས་རྣམས་ ལས་འབྱུང་བ་ལྟར་དང༌། རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོ ད་ཀྱི་ལས་ལ་མངའ་དབང་འབྱོར་བའི་ རིགས་སྔགས་འཆང་བའི་དབང་ཕྱུག་ཞི ག་གོ།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།
ལྡན་མ་རྩེ་མང་།།
ལྡན་མ་རྩེ་མང་།
ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ ལྡན་མར་གྲགས་ཏེ། མཚན་དངོས་རྩེ་མང་ངོ༌།། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་ གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲི ད་སྲོལ་ད་ལྟའང་ཡོད་པར་སྣང༌། ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་ཆེ་གསུ མ་ཆུང་གསུམ་དུ་གྲགས་པའི་མཆན་བུ འི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་ཐམས་ཅད་ལ་མི་ བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡི ན་པར་བཤད་དེ། ཁོ་བོས་ཀྱང་བདེ་འདུས་ཀྱི་གཏེར་ ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་ལྷོ ་བྲག་སྨྲ་བོ་ཅོག་གི་གཞིས་ཀར་བཞུ གས་པ་དངོས་སུ་མཇལ་བའི་སྐལ་བཟང་ ཐོབ་བོ།།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།
ཤུད་བུ་དཔལ་གྱི་སེང་གེ།
ཤུད་བུ་དཔལ་གྱི་སེང་གེ།
གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་ བོན་དང་སྒྲུང་དང་ལྡེའུ་གསུམ་ལ་ མཁས་པ་ཞིག་ལ་བོན་གྱིས་ཤུད་བུར་ མཚན་གསོལ་བས་དེ་ལྟར་གྲགས་ཀྱང་ཟེ ར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁང་བཙན་ཡང་ཟེ ར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་ པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་ རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི ་ནང་ཚན་དུ་གཏོགས་ཤིང་། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང༌། བྲག་ལ་བཏབ་པས་བྲག་རལ་བ་ལ་སོགས་ བྱུང༌། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་ པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་ཆད་པས་རྗེ་དང་ཏྲི ་ལེར་མཉམ།།ཞང་པོ་རྨུ་ནས་ཆད་པས་ རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་ བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །མཆོད་རྟེན་དཀར་པོ་བཞེངས་པས་རྗེ ་དང་ཏྲི་ལེར་མཉམ།།ཞེས་གསུངས་ཤི ང༌། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་ པར་བྱུང༌།། ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲ ངས་པ་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨའི་གླི ང་སོགས་ཡིན་པར་སྣང༌། འདིའི་གདུང་རབས་ཞིབ་པར་ལྷོ་བྲག་ ཤུད་བུ་པ་གསང་བདག་ལས་ཀྱི་རྡོ་རྗེ འི་རྣམ་ཐར་དུ་གསལ། སྤྱིར་བསྟན་པ་ལ་བྱ་བ་བྱས་པའི་ དགེ་བཤེས་མང་དུ་བྱུང་བར་སྣང༌། སྔ་མ་རྣམས་མ་གཤིན་ལས་གྲུབ་པ་བརྙེ ས་པའི་སྔགས་འཆང་ནུས་པ་ཅན་ཤ་སྟག་ བྱོན། སྤྲུལ་པའི་རྣམ་རོལ་གཏེར་སྟོན་མི ་འགྱུར་རྡོ་རྗེ་ཡོངས་གྲགས་དང་ གཞན་ཡང་ཅི་རིགས་བྱོན་པར་མངོན།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།