ཞབས་བརྟན་གསོལ་འདེབས།

བཀླགས་གྲངས། 86

མཚན་ཙམ་ཐོས་པས་སྲིད་པའི་གདུང་སེལ་བ། །གཙུག་ཏོར་ཅན་སོགས་འཕགས་བོད་གྲུབ་བརྒྱའི་གར། །
རྒྱལ་བསྟན་རྒྱ་མཚོའི་མངའ་བདག་རྫོགས་ཆེན་པ། །བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞབས་བརྟན་གསོལ། །

ཞེས་པ་འདི་ཉིད་འཕགས་ཡུལ་རྫོགས་ཆེན་ཤྲཱི་སེང་མཁན་པོ་འཇམ་དཔལ་བསྟན་འཛིན་སོགས་འདུས་པ་ཡོངས་ཀྱི་ངོར། བོད་རབ་བྱུང་ ༡༧ པའི་ས་བྱི་ཟླ ༡༠ ཚེས་ ༠༤ ལ། ཁྱེའུ་རིག་འཛིན་ཆེན་མོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

Menu