སྐྱབས་རྗེ་རིན་པོ་ཆེ་དགོན་ནང་ཞབས་སོར་འཁོད་པ།

སྐྱབས་རྗེ་རིན་པོ་ཆེ་དགོན་ནང་ཞབས་སོར་འཁོད་པ།

སྤྱི་ལོ ༢༠༢༤ ཟླ ༩་ཚེས་༩ ཉིན་སྐྱབས་རྗེ་རྫོགས་ཆེན་ཡིད་བཞིན་ནོར་བུ་དགོན་ནང་ཞབས་སོར་འཁོད་ཡོད།

སྤྱི་ཚེས་༡༣ ཉིན་ཞོགས་པ་དུས་ཚོད་༩ ཐོག་དགེ་འདུན་པ་རྣམ་ཀྱིས་སྒོ་ཆེན་གཡས་གཡོན་ནས་གཙུག་ལག་ཁང་བར་དུ་ཕྱག་ཏུ་དར་དཀར་དང་མེ་ཏོག་སྣ་མང་། འཕན་གདུགས་རྒྱལ་མཚན། སིལ་སྙན། རོལ་མོ། རྒྱ་གླིང་དང་། དུང་དཀར་ཆེ་ཆུང་སོགས་མཆོད་ཆས་སྣ་ཚོགས་ཐོགས་ཏེ་སེར་འཕྲེང་སྟར་སྒྲིག་གིས་ཕེབས་བསུ་རྒྱ་གང་ཆེ་ཞུས། རིན་པོ་ཆེ་བཞུགས་ཁྲི་ལ་འཁོད་རྗེས་ཚོགས་ཆེན་དབུ་མཛད་ནས་བཀྲ་ཤིས་བརྒྱད་པས་སྣ་དྲངས་ཏེ་ཆོ་ག་གསུང་འདོན་དང་། དེ་ནས་རིན་པོ་ཆེས་བཀའ་ཆོས་དང་བཀའ་དབང་གནང་ཞིང་། དབང་སྐུར་ཟབ་མོ་ཐོབ་པའི་བཀའ་དྲིན་གཏང་རག་དང་། བསྟན་དང་འགྲོ་བའི་དོན་དུ་ཡུན་རིང་བཞུགས་ཕྱིར་དགོན་གཞུང་ནས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་འདིར་རིན་པོ་ཆེ་དགོན་ནང་ཕེབས་ཏེ་བཀའ་དབང་དང་། མཁན་སློབ་རྒན་གྲས་ཁག་ལ་རྫོགས་ཆེན་སེམས་ཁྲིད་འབོག་རྒྱུ། སྐུ་ཚབ་གསར་བསྐོ། དགེ་འདུན་པ་ཡོངས་ལ་ལུགས་གཉིས་ལམ་སྟོན་ཟབ་མོ་བཅས་གནང་ཡོད་པ་རེད་འདུག

   

Menu