༄༅། ། གུ་རུའི་གསོལ་འདེབས་བཞེངས་བསྐུ
ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་ འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་ བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་ རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེ གས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤི གས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་ རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་ སེ་ཤིག༔ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲ བས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་ སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུ གས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ ལི༔གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི ་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་ རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི ༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་ སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ ཅད་ལ༔ཐུགས་རྗེས་གཟིགས་ལ་གནས་འདི ར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་ གཤེགས་ནས་ཀྱང་༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་ བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་ བ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ དུ་གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ ལས་བསྒྲལ་དུ་གསོལ༔