འཕགས་པ་དཀོན་མཆོག་སྤྲིན་ཀྱི་མདོ
བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་ བྱེད་པ་དང་སྦྱིན་པའི་བདག་པོ་མཐོ ང་ན་སྤྱོད་ལམ་མི་འཆོས་སོ། །ཇི་ལྟར་ན་སྤྱོད་ལམ་མི་འཆོས་ཤེ་ ན། གཉའ་ཤིང་གང་ཙམ་དུ་བལྟ་བ་དང་། སྐྱོ་བར་བལྟ་བ་དང༌། སྒྲིམ་པ་མེད་པར་བལྟ་བས་གོམ་པས་ བགས་ཀྱིས་དལ་ནས་དལ་ནས་འདོར་ཞིང་ འདེབས་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་ མི་བྱེད་དོ། །
༡ ངག་གི་ཚུལ་འཆོས།
ངག་གིས་ཚུལ་འཆོས་པར་མི་བྱེད་དོ། །ཇི་ལྟར་ངག་གིས་ཚུལ་འཆོས་པར་མི་ བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་རྙེད་པའི་ རྒྱུ་རྙེད་པའི་ཕྱིར་གཅོམ་བསྐྱུ ངས་ཤིང་སྨྲ་བ་མ་ཡིན་འཇམ་པོར་སྨྲ ་བ་མ་ཡིན་དགའ་བར་སྨྲ་བ་མ་ཡིན། རྗེས་སུ་འབྲང་བའི་ཚིག་བརྗོད་པ་ མ་ཡིན་ཏེ། དེ་ལྟར་ན་ངག་གིས་ཚུལ་འཆོས་པ་མི་ བྱེད་དོ། །
༢ ཡིད་ཀྱི་ཚུལ་འཆོས།
ཇི་ལྟར་ན་སེམས་ཀྱིས་ཚུལ་འཆོས་ པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེ ད་པའམ་སྦྱིན་པའི་བདག་པོས་རྙེད་ པ་བསྟབས་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅི ང་སེམས་ཀྱིས་འདོད་པ་བསྐྱེད་པ་མ་ ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཚིག་གིས་འདོད་པ་ཆུང་ལ་སེམས་ཀྱི ས་རྙེད་པ་འདོད་པ་འདི་ནི་ནང་གི་ གདུང་བ་ཡིན་ཏེ། དེ་ལྟར་ན་སེམས་ཀྱིས་ཚུལ་འཆོས་པ་ མི་བྱེད་དོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་ འཆོས་པ་དང་ཁ་གསག་གི་རྙེད་པ་དང་ བྲལ་བ་ཡིན་ནོ། །
༣ གཞོགས་སློང་གི་ཉེས་པ།
ཇི་ལྟར་ན་གཞོགས་སློང་གི་རྙེད་པ་ དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེ ད་པའམ་སྦྱིན་བདག་མཐོང་ན་བདག་གོ ས་ཀྱིས་ཕོངས་སོ་བདག་ལྷུང་བཟེད་ ཀྱི་ཕོངས་སོ། །བདག་ན་བའི་གསོས་སྨན་གྱིས་ཕོངས་ སོ་ཞེས་གཞོགས་སློང་མི་བྱེད་ཅིང༌ ། སྦྱིན་པ་བྱེད་པའམ་སྦྱིན་པའི་ བདག་པོ་ལ་མི་སློང་ཞིང་ཚིག་ཏུ་མི ་བརྗོད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཞོ གས་སློང་གི་རྙེད་པ་དང་བྲལ་བ་ཡི ན་ནོ། །
༤ ཐོབ་འཇལ་གྱི་རྙེད་པ།
ཇི་ལྟར་ན་ཐོབ་ཀྱིས་འཇལ་བའི་རྙེ ད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེ ད་པ་དང་སྦྱིན་པ་དག་མཐོང་ན་བདག་ ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞི ག་གིས་དངོས་པོ་ཆེ་གེ་མོ་ཞིག་བྱི ན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ ་ཞིག་བྱས་སོ། །འདིས་ཀྱང་བདག་ལ་འདི་ནི་ཚུལ་ཁྲི མས་དང་ལྡན་པར་རིག་སྟེ་མང་དུ་ཐོ ས་པའོ་འདོད་པ་ཆུང་བའོ་ཞེས་འདི་ དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི ་སེམས་ཉེ་བར་གཞག་སྟེ་བླངས་སོ་ཞེ ས་དེ་སྐད་ཀྱི་ཚིག་མི་བརྗོད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐོ བ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་ བ་ཡིན་ནོ། །