ཤྲཱི་སེང་བཤད་གྲྭ་སླར་དབུ་འཛུགས་གནང་རྒྱུ།

བོད་ཟླ་གཉིས་པའི་ཚེས་ ༡༥་ཉིན་གྲུབ་དབང་རྫོགས་ཆེན་པའི་བཤད་གྲཱ་ཤླཱི་སེང་ཧ་སླར་དབུ་འཛུགས་གནང་རྒྱུ། དེ་ཡང་ཚེས་ ༡༤ ཉིན་བཤད་གྲྭ་བ་རྣམས་ཀྱི་མཚན་ཐོ་འགོད་རྒྱུ་དང་ངོས་ལེན་གནང་རྒྱུ། རྒྱུན་ཞུགས་གོང་གསེང་ཕེབས་པ་རྣམས་ཀྱིས་ཀྱང་འབྱོར་ཐོ་འགོད་རྒྱུ།

ཚེས་ ༡༦ ནས་ཉིན་གསུམ་རིང་བཤད་གྲྭའི་སྐུ་རིམ་བསང་གསོལ་དང་ མདོ་སྒྲོགས། པར་བསམ་སྒྲོལ་གསུམ་སོགས་འཚོགས་རྒྱུ། ཚེས་༡༩ ནས་བཤད་གྲྭ་དངོས་སུ་དབུ་འཛུགས་གིས་མཁན་སློབ་རྣམས་ཀྱིས་མདོ་སྔགས་རིག་གཞུང་གང་བབ་ནས་དཔེ་ཁྲིད་གནང་རྒྱུ་རེད།

Menu