ལང་གྲོ་དཀོན་མཆོག་འབྱུང་གནས།
གཙང་གཡས་རུ་བྱང་རྟ་ནག་གི་ཕྱོགས་ སུ་འཁྲུངས། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་ པོ་ཞིག་ཡིན་ཏེ་ལང་གྲོ་སྣང་གཞིར་ ཟེར་ཡང༌། ཕྱིས་རབ་ཏུ་བྱུང་བའི་མཚན་དཀོན་ མཆོག་འབྱུང་གནས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན་པས་ཆོས་བསྒྱུ ར་བའི་ལོ་ཙཱ་ཡང་མཛད། སློབ་དཔོན་ལས་དབང་དང་གདམས་པ་ཞུ ས་ནས་ཉམས་སུ་བླངས་པས་གྲུབ་པའི་ རྟགས་མངོན་སུམ་དུ་སྟོན་པར་ནུས་ ཏེ།རྟེན་སྔགས་འཆང་ཡིན། དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་ འཕེན་པའི་རྫུ་འཕྲུལ་དང་ལྡན། སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི ་དབང་པོར་གྱུར་ཏེ་གསང་སྔགས་ཀྱི་ ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་ འབྱོར་པའི་རྣལ་འབྱོར་གྱི་དབང་ཕྱུ ག་ཆེན་པོ་ཞིག་གོ །གདུང་རྒྱུད་རྟ་ནག་སྒྲོལ་མ་བ་སྟེ ་དེང་སང་ཡང་ཡོད། འདིའི་རྣམ་འཕྲུལ་སྤྲུལ་པའི་གཏེ ར་སྟོན་ཆེན་པོ་རཏྣ་གླིང་པ་དང༌། རིག་འཛིན་ཀློང་གསལ་སྙིང་པོ་གཉི ས་ཡོངས་སུ་གྲགས་ཤིང༌།དེ་དག་གི་ སྐྱེས་རབས་གཏེར་ལུང་ལ་དཔྱད་ན་ གཞན་ཡང་འགའ་རེ་བྱུང་བར་སྣང་ངོ༌། །
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།