ལོ་ཆེན་སྐ་བ་དཔལ་བརྩེགས།
སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་ སར་ཡབ་སྐ་བ་བློ་ལྡན་དང༌། ཡུམ་འབྲོ་བཟའ་མཛེས་མ་གཉིས་ཀྱི་ སྲས་སུ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུ ང་སྟེ་སད་མི་མི་བདུན་གྱི་ནང་ཚན་ ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔ གས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་ པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུ ན་མ་ཉམས་པ་དེང་སང་ཡང་ཁམས་བོད་ གཉིས་ཀར་དར་རྒྱས་ཆེ། གསུང་རབ་རིན་པོ་ཆེའི་གཏམ་ལ་སོ གས་པའི་བསྟན་བཅོས་ཀྱང་མང་དུ་ མཛད། འདིའི་དབོན་རྒྱུད་ལས་ཀྱང་བསྟན་ པའི་གསལ་བྱེད་ཆེན་པོ་མང་དུ་བྱོ ན་པ་དང༌། རྣམ་འཕྲུལ་གཏེར་སྟོན་གྲྭ་པ་མངོ ན་ཤེས་སོགས་བྱོན་པར་སྣང༌།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།