རྩོམ་རྙིང་ཤོས།

སྤེལ་གསར་ཤོས།

རྫོགས་ཆེན་རིན་པོ་ཆེ་སྟོན་འཁོར།

ཕྱི་ལོ་༡༩༥༠ ཡས་མས་ཀྱི་སྔ་འགྱུར་གྲུབ་དབང་༧ རྒྱལ་བ་རྫོགས་ཆེན་དགོན་པའི་བསྟན་བདག་བླ་སྤྲུལ་ཁག་ཅིག་གི་སྐུ་པར་རྩ་ཆེན་འགའ་གཤམ་གསལ་ལྟར་འགོད་རྒྱུ་ཡིན་ན་འབྲེལ་ཡོད་ཚོས་དེ་བཞིན་དགྱེས་བཞེས་མཛོད།
༡༽ རྫོགས་ཆེན་རིན་པོ་ཆེ། ༢༽ མཁན་པོ་མགོན་རིས། ༣ འབྲུག་པ་སྐུ་ཆེན། ༤༽ སྐྱབས་རྗེ་པདྨ་སྐལ་བཟང་། ༥༽ རིན་པོ་ཆེའི་གཅུང་རྒྱལ་འཕགས་ཨ་བུ་སྤྲུལ་སྐུ། ༦ ཡབ་རྒན་ངག་ནོར་བུ། ༧ ཕྱག་མཛོད་བཟོད་པ། ༨ གཉེར་བ་བསོད་རྒྱལ། ༩ དྲུང་ཡིག་ཆོས་གྲགས། ༡༠ བཟོད་པའི་ཚ་བོ་ཐུབ་བསྟན་ཤེས་རབ། ༡༡ དབུ་མཛད་བླ་མ་རང་བྱུང་། ༡༢ གྲྭ་པདྨ་རྣམ་རྒྱལ་སོགས་ལས་གཞན་འགའ་རེ་ངོས་ཟིན་ཐབས་མ་བྱུང་བ་བཅས།

ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས།
༢༠༢༡/༧/༢ ཉིན།

ཡིད་སྐྱོའི་གནས་ཚུལ་ཕྱིར་བསྒྲགས།

༄༅། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་བསམ་བཞིན་མི་ཡི་ཤ་ཚུགས་སུ་བྱོན་པ། གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དཔལ་གསང་བ་སྙིང་ཐིག་གི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧སྐྱབས་རྗེ་དམ་པ་རྡོ་གྲུབ་སྐུ་འཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་འབར་མཆོག །བོད་རབ་གནས་ལྕགས་གླང་ལོའི་མགོ་ཟླ་བའི་ཚེས་༢༣(2022/01/25) ཉིན་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནི་སྔ་འགྱུར་བ་སྤྱི་བྱེ་བྲག་ཀུན་ལ་ཚབ་མཚོན་མེད་པའི་གྱོང་ཁ་དང་། བཟོད་ཐབས་བྲལ་བའི་ཡིད་སྐྱོའི་གནས་སུ་གྱུར་ཀྱང་བྱ་ཐབས་བྲལ། (more…)

ཞིང་གཤེགས་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ།

སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་བཀའ་དགོངས་ལྟར་༢༠༢༢/༡/༣༠ ཉིན་ནས་བཟུང་༧སྐྱབས་གཅིག་འཁོར་ལོའི་མགོན་པོ་རིགས་དང་དཀྱིལ་འཁོར་ཀུན་གྱི་སྤྲོ་གཞི་མཚུངས་མེད་བླ་མ་དམ་པ་རྡོ་གྲུབ་ཆེན་ཡིད་བཞིན་དབང་གི་རྒྱལ་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་གང་གི་ས་ལམ་གྱི་བར་ཆད་ཞི་ཞིང་། བསྟན་དང་འགྲོ་བའི་དོན་ཐུགས་ལ་གང་བརྣགས་པ་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། འབྲེལ་ཐོག་ལྟོས་བཅས་རྣམས་ཀྱི་སྐྱེ་རྒྱུད་དུ་བསགས་པའི་དམ་ཚིག་ཉམ་ཆགས་བྱང་ཞིང་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་ཐོབ་ཆེད་འདི་ག་འཕགས་ཡུལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་པའི་དགེ་འདུན་

པ་གྲངས་༢༡ རེ་ཉིན་ལྟར་རེ་མོས་ཀྱིས་གཏེར་ཆེན་ཀརྨ་གླིང་པའི་ཟབ་གཏེར་དུ་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཐོས་གྲོལ་གྱི་ལྷ་ཞལ་ཕྱེས་ཏེ་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་ཚོགས་དང་འཚོགས་མུས་ཡིན་པ་རེད།

མཆོད་རྟེན་དགོན་དུ་ཐུགས་གསོའི་འཚམ་འདྲིར་བསྐྱོད།

ཕྱི་ཟླ་༠༢ པའི་ཚེས་ས་༨ ནས་༡༢ བར་ཉི་གྲངས་༤ ༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་སྐུ་སྲས་ཨོ་རྒྱན་རིག་འཛིན་ལགས་དང་། མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྣམ་གཉིས་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དང་། རྫོགས་ཆེན་བླ་བྲང་གི་ཚབ་བྱས་ནས། (more…)

སྨིན་གླིང་མཁན་ཆེན་མཆོག་ལ་སྙུན་འདྲི་ཞུས་འདུག

 

བོད་རབ་གནས་ཆུ་ཡོས་ས་ཟླའི་ཚེས་༥ ཉིན་འཕགས་ཡུལ་རྫོགས་ཆེན་དགོན་པའི་ལས་ཐོག་མཁན་པོ་འཛམ་དཔལ་བསྟན་འཛིན་འཛིན་མཚོག་འཕགས་ཡུལ་བྱང་ཕྱོགས་དོན་གྲུབ་གླིང་བོད་མིའི་གཞིས་སྒར་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཆེན་རིན་པོ་ཚེའི་བླ་བྲང་དུ་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་རབ་རྒྱ་མཚོ་མཆོག་སྙུན་འདྲི་ལ་ཆེད་བཅར་ཞུས་འདུག

རིན་པོ་ཆེ་མཆོག་སྐུ་ཚེ་མི་འགྱུར་བཅོམ་ལྡན་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པོར་བཞུགས་པའི་རྟེན་འབྲེལ་དུ་མགོན་པོ་ཚེ་དཔག་ཏུ་མེད་པའི་ཞལ་ཐང་སྤུས་ལེགས་ཤིག་འབུལ་ལམ་ཞུས།

སླད་བསྟན་པན་སྤྱི་དང་བྱེ་བྲག་གི་ཆེད་དུ་ཐུགས་བཞེད་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་རེ་སྨོན་བཅས་ཞུས་ཡོད་པའི་གནས་ཚུལ་དུ།

༢༠༢༣/༥/༢༤ ཉིན།

Menu