རྩོམ་རྙིང་ཤོས།

སྤེལ་གསར་ཤོས།

ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ནི།

ཡབ་འབའ་ཡའི་བུ་བཛྲའི་མིང་ཅན་དང་ཡུམ་སྐལ་ལྷ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༡༤ལོར་སྐུ་འཁྲུངས།

རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་།འཇམ་དབྱངས་མཁྱེན་བརྩེ་དབང་པོ་གཉིས་ཀྱིས་སྐུ་གོང་མ་དབང་དྲག་རོལ་བ་རྩལ་གྱི་སྐུ་སྐྱེ་འཁྲུལ་མེད་ཡིན་པའི་ལུང་བསྟན་རྣམས་དང་མཐུན་པར་མཛད་ཅིང་།དགོན་འདིའི་གསེར་ཁྲིར་མངའ་གསོལ་ཏེ་སྤྲུལ་སྐུ་སྐུ་ཆེན་འཇམ་དབྱངས་ཀྱིས་མཚན་བཤད་སྒྲུབ་དར་རྒྱས་གསོལ།དེ་ནས་གཡག་ཟའི་བླ་བྲང་ལ་ཞབས་བཀོད་གནང་ཞིང་དགུང་ལོ་ལྔའི་ཐོག་མཁའ་ཚེ་དབང་འགྱུར་མེད་ཀྱིས་ཡོངས་འཛིན་འཛད་དེ་འབྲི་ཀློག་བསླབ་པ་ཚེགས་མེད་དུ་མཁྱེན།དེ་ནས་དགོན་པའི་ཆོ་ག་ཕྱག་ལེན་དང་ཐིག་རྡུལ་མཚོན་འཆམ་གར་སྟབས་བཅས་ཕུལ་དུ་ཕྱིན་པ་བྱུང་།རྗེ་འདིའི་གཙོ་བོ་བླ་མ་ནི་མཁན་ཚེ་དབང་འགྱུར་མེད་དང་།རྫོགས་ཆེན་ཐུབ་བསྟན་ཆོས་རྡོར།བླ་མ་རྣམ་རྒྱལ།རྒྱ་རོང་ཀུན་བཟང་ཐེག་མཆོག་རྡོ་རྗེ།མཆོག་སྤྲུལ་འཇམ་དབྱངས།ཨོ་རྒྱན་ཐེག་མཆོག་གླིང་བ།དབོན་སྤྲུལ་བསྟན་པའི་ཉི་མ། མཁའ་འགྲོ་བདེ་ཆེན་དབང་མོ་བཅས་ལ་བསྟེན་ཏེ་སྙིང་ཏིག་སྐོར་དང་།ཀློང་ཆེན་མཛོད་བདུན།དུམ་གཉིས་དང་ཡ་བཞི།ངལ་གསོ་སྐོར་གསུམ།འཇིགས་གླིང་པོད་དགུ།ཉི་གྲགས་དུམ་དགུ།པདྨ་རྒྱལ་པོའི་སྐོར།ངེས་དོན་འོད་གསལ་བསྟན་འཛིན་གྱི་དག་སྣང་ཟབ་ཆོས་སྐོར།སྐྱབས་མགོན་མཁྱེན་བརྩེའི་འཛིན་གྲོལ་དང་།ཆོས་སྒྲུང་།གསུང་སྐོར།ཆགས་མེད་དཀར་གཅོད།ནམ་མཁའ་འཇིགས་མེད་ཀྱི་གཅོད་སྐོར།རྡོ་གྲུབ་ཀྱི་གཅོད་སྐོར།ཁྲོ་ཤུལ་དག་སྣང་།འབད་མེད་བཞི་གྲོལ་རྩལ་གྱི་དག་སྣང་སྐོར་བཅས་རྗེ་ཉིད་ཀྱིས་གསན་ཡིག་ལས་གསལ་བས་དེ་དག་གི་དབང་ལུང་ཁྲིད་མན་ངག་བཅས་ཟབ་རྒྱས་ནོད།གཞན་ཡང་བཀའ་དགོངས་ཕུར་སེང་དང་།མདོ་སྒྱུད་སེམས་སོགས་རྙིང་རྒྱུད་སྐོར་གསན་བསམ་རྒྱས་པ་མཛད།བཤད་གྲྭའི་འདུ་ཁང་།སྒྲུབ་གྲྭའི་འདུ་ཁང་སོགས་གསར་བཞེངས་དང་རྒྱུན་བཞུགས་ཀྱི་བླ་གྲྭ་ལ་ཟླ་ཕོག་གནང་བ་དང་།བཤད་གྲྭའི་མཁན་པོ་ལའང་ཕོག་རྒྱག་མཛད།དཔྱིད་ཀར་ཟླ་གཅིག་ལ་འདོན་གདངས་དབྱངས་འཆམ་གར་ཐིག་བཅའ་འབུད་དཀྲོལ་བྱས་རྗེས་རྒྱུགས་ལེན་དང་དཔེ་རྒྱན་བྱ་དགའ་བཅས་ཕུལ།ངན་པ་དང་མ་རབས་ལ་ཆད་པ་བཅད་པ་སོགས་ཀྱིས་དགོན་གཞུང་གི་སྒྲིག་ཞེས་བཙན་པོ་ཡིན་པའི་ཚད་འཇོག་སར་བྱེད།ཉིད་ཀྱིས་གསུང་ཆོས་སྐོར་ནི་མ་འོངས་བསྟན་དང་།ཐུགས་རྗེ་ཆེན་པོ་དུམ་གཉིས།མནྡཱ་ར་བ།གཟའ།ཕུར་བ་རྒྱུན་ཁྱེར་སོགས་དང་།གེ་སར་སྒྲུང་ཡིག་ལས་བདུད་ཨ་ཡན་སྙན་ར་རྒྱལ་པོ་བཏུལ་ཐབས་སོགས་བབ་གཏེར་དང་།གཞན་ཡང་གཏེར་མའི་སྐོར་ཛམ་བྷ་ལྷ་དང་བུ་གཉིས་སོགས་ཡོད་པ་དུས་དབང་གིས་བརླགས་ཤོར་བ་རྗེ་ཉིད་ཀྱི་རིགས་མ་གསང་སྔགས་དབང་མོའི་ཞལ་རྒྱུན་ལྟར་བྲིས།མཐར་སྤྱི་ལོ་༡༩༥༨ སྐུ་ཆོས་དབྱིངས་སུ་གཤེགས་སོ།།  ཡོངས་ཁུང་གཡག་ཟེ་དགོན་པའི་ལོ་རྒྱུས་བསྡུས་པ་བདེན་གཏམ་རྣ་བའི་གླིང་བུ་ལས་ཤོག་གྲངས་༢༥་ནས་༢༦་པར། ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།

ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས།

སྐུ་བལྟམས་པ་དང་བྱིས་པའི་དུས་ཀྱི་མཛད་པ།
རིས་མེད་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པའི་གསལ་བྱེད་འདུལ་འཛིན་མཁས་གྲུབ་གཉིས་ལྡན་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་ནི།ཕྱི་ལོ་༡༩༣༣བོད་རབ་རྒྱལ་ཆུ་བྱ་ཆོ་འཕྲུལ་ཟླ་བའི་ཚེས་༣ལ་ཡབ་ལྕགས་ཁུང་པད་ཏེ་དང༌།ཡུམ་གནུབས་བཟའ་གཡུ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་གྲངས་དྲུག་བདུན་ནས་ཡི་གེ་འབྲི་ཀློག་བསླབ་པས་ལྷག་པའི་ལྷའི་བྱིན་རླབས་ལ་བརྟེན་ནས་དཀའ་ཚེགས་གང་ཡང་མེད་པར་མཁྱེན།ཆོས་རྗེ་མཆོག་དགུང་གྲངས་བརྒྱད་ནས་ཡབ་དགོངས་པ་རྫོགས་ཤིང་ནང་མི་རྣམས་ཀྱི་འཚོ་བ་ཤིན་ཏུ་སྐྱོ་བས་སྐུ་ངལ་ཚད་མེད་མྱངས།།

(more…)

རྫོགས་ཆེན་དྲྭ་ཚུགས་བསྐྱར་གཏོང་བྱས་ཡོད།

དུས་རབས་ཀྱི་འགྱུར་འགྲོས་འདི་དྲྭ་བའི་དུས་རབས་ལ་སླེབས་ཟིན་པས། ཆེ་བ་རྒྱལ་ཁབ་ནས་ཆུང་བ་མི་སྒེར་ཚུན་ཆད་ཀྱིས་ཆོས་དང་འཇིག་རྟེན། ཚན་རིག་དང་དཔལ་འབྱོར། སྤྱི་ཚོགས་དང་འཚོ་བ། སྲིད་དོན་དང་དམག་དོན་སོགས་མདོར་ན་རིགས་གནས་ཀྱི་བྱ་དངོས་ཡོངས་རྫོགས་དྲྭ་བའི་བརྒྱུད་ལམ་དུ་སྤེལ་ཞིང་། དྲྭ་བས་འཛམ་གླིང་ལ་དབང་བསྒྱུར་བཞིན་པའི་དུས་རབས་ཤིག་ཡིན་པར་བརྟེན། སྤྱི་ཚོགས་དྲྭ་བ་ནི་ང་ཚོ་དང་ཧ་ལམ་ཁ་འབྲལ་ཐབས་མེད་པའི་ཚོད་དུ་གནས་ལ། བྲག་ཕུག་ནང་གི་བྱ་བྲལ་བ་མ་གཏོགས་དྲྭ་བའི་བརྒྱུད་ལམ་ལ་ཞུགས་རྒྱུ་ནི་སྲིད་འབྱོར་རིག་གསུམ་གང་གི་ཆ་ནས་ཀྱང་དཔལ་ཡོན་དར་སྤེལ་གཏོང་བར་དགེ་མཚན་ཡང་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ངེད་གྲུབ་དབང་རྫོགས་ཆེན་དགོན་ཤྲཱི་སེང་བཤད་གྲྭའི་རྩོམ་སྒྲིག་ཁང་གི་ངོས་ནས་ཀྱང་། གྲུབ་དབང་རྒྱལ་བ་༼རྫོགས་ཆེན་དགོན་པDzogchengonpa.org ༽་ཞེས་པའི་དྲྭ་ཚུགས་ཤིག་སྔར་ནས་སྒོ་འབྱེད་བྱས་པ་ཡིན་ནའང་། རྩོམ་སྒྲིག་པ་རྣམས་ལ་དྲྭ་བའི་རྩོམ་སྒྲིག་གི་ཉམས་མྱོང་དང་ཤེས་ཡོན། དུས་ཚོད་སོགས་གང་གི་ཐད་ནས་ཀྱང་མ་འདེང་བའི་སྐྱོན་ཆ་ཆེ་བར་བརྟེན། ད་བར་སྤུས་ཀ་དག་པོ་དང་ཚགས་ཚུད་པོ་ཞིག་བྱུང་མ་སོང་བས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་རང་གནོང་མཐོལ་བཤགས་བྱེད་ཀྱི་ཡོད་ལ། བར་ལམ་ཞིག་ནས་སྔར་ཀྱི་མི་ལོ་བཞི་ལྷག་གི་ལས་ཀའི་མཉམ་མྱོང་ལས་དྲྭ་ཚུགས་བསྐྱར་བཅོས་ཀྱིས། སྔར་ལས་ཅུང་ཟད་སྤུས་ཀ་དག་པོ་དང་ཚགས་ཚུད་པོ། སྟབས་བདེ་བོར་བཏང་ཁུལ་ཡིན། འོན་ཀྱང་། ད་དུང་ཡང་མ་འཇོན་པའི་ཆ་ནི་གང་མང་མང་ཞིག་ཡོད་པ་གདོན་མི་ཟ་བས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགེ་སྐྱོན་ཐེར་འདོད་ཀྱི་དགོངས་འཆར་ལྷུག་པོ་ཡོང་བར་མཁྱེན་མཁྱེན།
ཟུར་བརྗོད། འབྲེལ་ཡོད་རྣམས་ཀྱིས་དྲྭ་བ་འདི་དང་འབྲེལ་བ་ཡོད་པའི་རྩོམ་རིགས་སྣ་མང་དུས་ཐོག་བསྐུར་གནང་ཡོང་བ་དང་། ཁྱད་པར་གྲུབ་དབང་རྫོགས་ཆེན་པའི་གཤེགས་ཟིན་མཁས་གྲུབ་རྣམས་ཀྱིས་སྐུ་པར་དང་། གསུང་རྩོམ་འཐོར་བུ། འདོན་ཆ་སོགས་རྩིས་འཕྲུལ་ནང་དུ་བཅུགས་ཟིན་ཡོད་ན་རང་གཅེས་རང་དམར་གྱིས་བསྐུར་གནང་ཡོད་པར་ཞུ།
རྫོགས་ཆེན་ཤྲཱི་སེང་ཧ་རྩོམ་སྒྲིག་སྡེ་ཚན་ནས།
འབྲེལ་ཡུལ། Dzogchengonpa.office@gmail.com
ཁ་པར། Contact +91 9986908589
Dzogchen monastery
P.O. Tibetan settlement Kollegal Taluk,
Distt Karnataka 571 457, India

རྙིང་མའི་དབུ་འཛིན་ལ་རྫོགས་ཆེན་རིན་པོ་ཆེ་བསྐོས་གཏན་ཁེལ་བ།

ལོ་ལྟར་བོད་ཟླ་༡༢ པའི་ཚེས་༠༨ ཉིན་གསང་སྔགས་སྔ་འགྱུར་བས་འཆར་ཅན་ཚོགས་འདུ་རེ་འཚོགས་བཞིན་པ་ལྟར་འདི་ལོའི་རྙིང་མ་སྨོན་ལམ་ཆེན་མོ་ཐེངས་སུམ་བཅུ་པའི་སྐབས་སུ་རྙིང་མ་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་གཙོ་མཆོག་གི་དབུས། རྙིང་མའི་བླ་ཆེན་རྣམ་པ་དང་། སྨོན་ལམ་རྒྱུན་ནས་ལྷན་ཚོགས། རྙིང་མའི་སྤྱི་འཐུས་རྣམས་གཉིས་བཅས་མཉམ་ཞུགས་ཀྱིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བསྐོ་ཕྱོགས་སྐོར་ ༢༠༡༨ ལོའི་གྲོས་ཆོད་གཏན་འབེབས་བཞིན་གྲོས་བསྡུར་བྱས་མཐར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་ཞུས་ཡོད་པ་རེད་འདུག

(more…)

སྔ་འགྱུར་རྙིང་མའི་དབུ་འཛིན་བདུན་པའི་སྐུ་གདུང་ལ་མཆོད་འབུལ་ཞུས།

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿཐོག་དགེ་རྩེ་སྐུ་འཕྲེང་བཞི་པ་བསྟན་པ་རྒྱལ་མཆོག་གློ་བུར་ཞིང་ལ་ཕེབས་པའི་གཏམ་ངན་ཐོས་འཕྲལ་རྫོགས་ཆེན་དགོན་འདུས་མང་ནས་དགོངས་རྫོགས་མཆོད་འབུལ་རྒྱ་གང་ཆེ་འཚོགས།

(more…)

Menu