རྩོམ་རྙིང་ཤོས།

སྤེལ་གསར་ཤོས།

མི་ཉག་རྫོགས་ཆེན་སློབ་གྲྭ།

མཆོག་སྤྲུལ་རྡེ་རྗེ་བཀྲ་ཤིས་འམ་མཁན་ཆེན་རྡོ་རྗེ་བཀྲ་ཤིས་མཆོག་ནས་གསར་འཛུགས་མཛད་པའི་མི་ཉག་རྫོགས་ཆེན་སློབ་གྲྭ་ནི་མི་ཉག་རྡོ་ར་དཀར་མོ་ཞེས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཆེན་ཁྱད་པར་ཅན་དེར་གསར་འཛུགས་མཛད་པའི་སློབ་གླིང་ཞིག་ཡིན་པ་དང་། སློབ་གྲྭའི་ནང་་ད་ལྟའི་ཆར་སློབ་མ་གཅིག་སྟོང་ལྷག་ཙམ་ཡོད་པ་དང་།

(more…)

གྲུབ་དབང་བདུན་པའི་ཞབས་བརྟན་གསོལ་འདེབས།

གྲུབ་དབང་བདུན་པའི་ཞབས་བརྟན་གསོལ་འདེབས།

རྩོམ་པ་པོ། ༸སྐྱབས་རྗེ་རྡོ་བྲག་རིག་འཛིན་ཆེན་མོ།

གྲུབ་དབང་པདྨའི་རིག་འཛིན་རོལ་བའི་གར།། འཇིགས་མེད་བློ་ལྡན་འོད་གསལ་ཐེག་པ་ཆེའི།།

བསྟན་པའི་དབང་ཕྱུགས་འགྲོ་བའི་མགོན་པོ་འདི།། ཞབས་པད་རྟག་བརྟན་བཞེད་དོན་ལྷུན་གྲུབ་ཤོག།

ཅེས་པ་འདི་ནི་རྫོགས་ཆེན་པ་ཨ་སྐྱིད་ལག་ནས་རྟེན་བཅས་བསྐུལ་བ་ལྟར་རྡོ་བྲག་བླ་གཟུགས་པས་འདུན་སྨོན་དུ་བྲིས། ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྡུ་རུག་བྱས།

རྙིང་མའི་སྨོན་ལམ་ཐེངས་༢༤པར་བསྩལ་བའི་གསུང་འཕྲིན།

ལོ་ལྟར་རྩོམ་སྒྲིག་བྱེད་བཞིན་པའི་སྔ་འགྱུར་དུས་དེབ་རྩོིམ་སྒྲིག་པ་སྔ་འགྱུར་རིག་མཛོད་ལྷན་ཁང་ནས་རེ་བསྐུལ་ལྟར་བསམ་ཚུལ་སྙིང་བསྡུས་ཞིག་འབྲི་འདོད་བྱུང་། དེ་ཡང་ཐོག་མར་སྔ་འགྱུར་རིག་འཛིན་བརྒྱུད་པའི་སྲོལ་འཛིན་བྱང་གཏེར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྔ་འགྱུར་བའི་སྤྱི་མགོན་དུ་ཕེབས་པའི་བཀྲ་ཤིས་པའི་ཉིན་མོ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མགོན་པོ་གང་གི་སྐུ་རིང་ལ་སྔ་འགྱུར་བ་དག་ཐུགས་མཐུན་ཁྲིམས་གཙང་ཆོས་མཐུན་གྱི་ལས་རྣམས་ཕྱོགས་དུས་གང་སར་དར་ཞིང་ཁྱད་པར་མགོན་པོ་གང་སྐུ་ཚེ་ཡུན་རིང་བསྟན་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་གཅིག

(more…)

རྫོགས་ཆེན་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།

སྤྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། ཅམ་རཱ་ཇཱུ་ན་གྷར་རྫོང་། ཀོ་ལེ་གྷལ་བོད་མའི་གཞིས་ཆགས་དོན་ལྡན་གླིང་དུ་རྟེན་གཞི་བྱས་པའི། བྱེས་ཀྱི་གྲུབ་དབང་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ། སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

(more…)

Menu