སྟོབས་བཅུ་མངའ་བ་ཐུབ་དབང་ལྷ་ཡི་ལྷ།། འཛམ་གླིང་མཛེས་རྒྱན་དྲུག་དང་མཆོག་གཉིས་སོགས།། རྒྱལ་དང་དེ་སྲས་སྐྱབས་ཡུལ་རྒྱ་མཚོ་ལ།། མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། འཇིགས་བརྒྱད་སྐྱབས་མ་འཕགས་མ་ཏཱ་རེ་མ།། འཆི་བདག་བདུད་འཇོམ་འཆི་མེད་ཚེ་དཔག་མེད།། བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་མའི་སྡེ།། འཆི་མེད་ཚེ་ལྷ་གསུམ་གྱིས་ཤིས་པ་སྩོལ།།
རྩོམ་རྙིང་ཤོས།
སྤེལ་གསར་ཤོས།
ཞབས་བརྟན་གསོལ་འདེབས།
ཨེ་མ་ཧོ། འཇིགས་པ་ཀུན་བྲལ་བདེ་ཆེན་རྡོ་རྗེའི་སྐུ།། རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་མངའ་བརྙེས་པ།། རི་རྒྱལ་ལྷུན་པོ་བཞིན་དུ་རྟགས་བརྟན་པའི།། སྐྱབས་གཅིག་དྲིན་ཆེར་བླ་མར་གསོལ་བ་འདེབས།། ཉིད་སྐུ་མི་འགྱུར་རྟག་བརྟན་རྡོ་རྗེའི་ཁྲིར།། སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟག་བཞུགས་ནས།། བསྟན་འགྲོའི་རྒུད་པ་གསོ་བའི་མཐུ་ཐོབ་ཤོག།
ཞབས་བརྟན་དོན་ཀུན་གྲུབ་པའི་དབྱངས་སྙན་བཞུགས།
རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་འཕྲེང་བདུན་པར་ཞབས་བརྟན་དུ་གསོལ་བ་བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་བཞུགས།
ཀ་དག་འོད་གསལ་གཉུག་མའི་ཡེ་ཤེས་སྐུ།། ལྷུན་གྲུབ་འཕོ་ཆེན་རྡོ་རྗེའི་སྣང་བ་ནི།། དེང་འདིར་མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཅན།། མཚུངས་མེད་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག།
ཞབས་བརྟན་གསོལ་འདེབས།
ཨོྃ་སྭ་སྟི། གང་ཞིག་ཡིད་ལ་དྲན་དང་བསྟེན་པ་ལ།། འདོད་པའི་དཔལ་དང་ཁྱད་པར་ཚེ་ཡི་ནོར།། སྟེར་ལ་མཐུ་དང་སྟོབས་དཔལ་ཕུན་ཚོགས་བདག། རིག་འཛིན་ཚེ་ཡི་ལྷ་རྣམས་མ་གཡེལ་ཅིག། རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི།། དྲི་མེད་རང་ལུགས་སྤེལ་ལ་མཁྱེན་བརྩེའི་མཐུ།། རྨད་བྱུང་རྫོགས་ཆེན་སྤྲུལ་བའི་སྐྱེས་རབས་སུ།། དམ་པའི་ལུང་གིས་འཁྲུལ་མེད་གང་བསྔགས་ཏེ།།
ཞབས་བརྟན་གསོལ་འདེབས།
རྨད་བྱུང་རྒྱལ་བསྟན་མཁའ་ལམ་ཡངས་པ་རུ།། བཤད་སྒྲུབ་བསྟན་པའི་མངའ་བདག་འགྲོ་བའི་མགོན།། ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི།། ངེས་པ་དོན་གྱི་བསྟན་པའི་མངའ་བདག་མཆོག། སྐྱབས་གཅིག་པད་དཀར་འཆང་བའི་ཐུགས་ཀྱི་སྲས།། རིག་འཛིན་མཁས་གྲུབ་ཡོངས་ཀྱི་རྒྱལ་ཚབ་རྗེ།། གསུམ་ལྡན་རྡོ་རྗེ་འཛིན་པ་འཁོར་ལོའི་བསྒྱུར།།