འཕྲིན་སྦྱོར།

རྡོ་རྗེ་སློབ་དཔོན་ཁྲི་འདོན་མཛད་སྒོ།

རྡོ་རྗེ་སློབ་དཔོན་ཁྲི་འདོན་མཛད་སྒོ།

སྤྱི་ལོ ༢༠༢༤ ཟླ ༧་ཚེས ༡༦ བོད་རབ་གནས་ཤིང་འབྲུག་ལོའི་སྤྲེལ་ཟླའི་ཚེས ༡༠ ཉིན་མ་ཧཱ་གུ་རུའི་ཚོགས་འབུམ་ཉིན་ཐ་མར་རྡོ་རྗེ་སློབ་དཔོན་གྱི་ཁྲི་འདོན་མཛད་སྒོ་ཞིག་སྤེལ་ཡོད། དེ་ཉིན་རྡོ་རྗེ་སློབ་དཔོན་ལྔ་ཁྲི་འདོན་བྱས། འབྲས་ལྗོངས་ནས་གསུམ་དང་། འབྲུག་ནས་གཉིས་བཅས་ཡིན། འབྲས་ལྗོངས་ནས་བླ་མ་བསམ་གཏན། མིག་དམར་ཚེ་རིང་། ཉི་མ་འོད་ཟེར། འབྲུག་ནས་ཀརྨ་ཤེས་རབ། ཉི་མ་ཚེ་རིང་བཅས། ཚེས་༡༠ ཉིན་རྒྱབ་དུས་ཚོད ༡་ སྐར་མ་༣༥ ཐོག་བཤད་གྲྭའི་འདུ་ཁང་ནས་ཚུར་སྤོས་སྣེའི་གདན་ཞུས་ཏེ་བགེགས་སྤྲད་ཁྲུས་གསོལ་བྱས་རྗེས། རིམ་པས་གདུང་སྲས་ཨོ་རྒྱན་རིག་འཛིན་མཆོག་ནས་བླ་ཞུ་གསོལ། ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ནས་རྡོ་རྗེ་སློབ་དཔོན་གྱི་ལག་ཁྱེར་ཕུལ་རྗེས་བཞུགས་ཁྲི་ལ་མངའ་གསོལ་གནང་ནས་སྐུ་གསུམ་མནྟྲལ་ཕུལ། རིམ་པས་དགེ་འདུན་པ་དང་མང་ཚོགས་ནས་མཇལ་དར་ཕུལ་རྗེས་བཀྲ་ཤིས་བདེ་ལེགས་ངང་མཐའ་གྲུབ། ཉེ་བའི་ཆར་བླ་མ་རྡོ་རྗེ་སློབ་དཔོན་མངའ་གསོལ་གནང་བ་ཐེངས་གཉིས་པ་དེ་ཡིན། སྤྱི་ལོ ༢༠༡༢ ལོར་མཁན་པོ་འཇིགས་མེད་དང་། བླ་མ་རྡོ་རྗེ་རྣམ་དག་གཉིས་ལ་བླ་མའི་ཕྱག་ཁྱེར་ཕུལ་ཡོད་པ་བཅས།

Menu