འཕྲིན་སྦྱོར།

ཡིད་སྐྱོའི་གནས་ཚུལ་ཕྱིར་བསྒྲགས།

༄༅། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་བསམ་བཞིན་མི་ཡི་ཤ་ཚུགས་སུ་བྱོན་པ། གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དཔལ་གསང་བ་སྙིང་ཐིག་གི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧སྐྱབས་རྗེ་དམ་པ་རྡོ་གྲུབ་སྐུ་འཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་འབར་མཆོག །བོད་རབ་གནས་ལྕགས་གླང་ལོའི་མགོ་ཟླ་བའི་ཚེས་༢༣(2022/01/25) ཉིན་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནི་སྔ་འགྱུར་བ་སྤྱི་བྱེ་བྲག་ཀུན་ལ་ཚབ་མཚོན་མེད་པའི་གྱོང་ཁ་དང་། བཟོད་ཐབས་བྲལ་བའི་ཡིད་སྐྱོའི་གནས་སུ་གྱུར་ཀྱང་བྱ་ཐབས་བྲལ།

འདི་ནས་གཞིས་བྱེས་གཉིས་སུ་གནས་སུ་གནས་པའི་རྡོ་གྲུབ་ཆེན་དགོན་གཙོས་འབྲེལ་ཡོད་སློབ་འབངས་ཡོངས་ལ་ཐུགས་གསོ་མྱ་ངན་ཞུ་རྒྱུ་དང་། སྐྱབས་རྗེ་རྫོཊ་ཆེན་རིན་པོ་ཆེས་གསུང་དོན”གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་འཛམ་གླིང་ཤར་ནུབ་གང་ན་སུ་བཞུགས་ཚང་མས་མེ་ཏོག་ཕོག་པའི་ལྷ་སྐལ་ ༧སྐྱབས་རྗེ་དམ་པའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། རང་གཞན་འབྲེལ་ཐོག་སེམས་ཅན་ཐམས་ཅད་ཀྱིས་སྐྱེ་བརྒྱུད་དུ་བསགས་པའི་ཉམས་ཆག་སྡིག་སྒྲིབ་བྱང་ཞིང་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྣམ་མཁྱེན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཆེད། གྲོལ་ཏིག་དམ་གྲིབ་ཉེས་པ་ཀུན་སེལ། དྲི་མེད་བཤཊ་རྒྱུད། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤཊ་པའི་རྒྱལ་པོ་ན་རཀ་དོང་སྤྲུཊ། ས་ཏྭ། ཡིག་བརྒྱ། གུ་རུའི་ཚོཊ་འབུམ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བའི་གདུང་མཆོད་དགེ་རྩ་གང་མང་གསོག་སྒྲུབ་དགོས་པའི་འབོད་སྐུལ་ཟབ་ནན་ཞུ་རྒྱུ་དང་བཅས།
སྤྱི་ལོ ༢༠༢༢ ཟླ ༠༡ ཚེས ༢༨ ཉིན།
གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ཡིག་ཚང་ནས།

Menu