ཨོྃ་སྭ་སྟི།
མཚོ་སྐྱེས་མ་ཧཱ་གུ་རུའི་ཐུགས་ཀྱི་སྲས། །གཏེར་ཆེན་ལས་རབ་གླིང་བའི་ཆོས་ཀྱི་བདག །
རྒྱུད་ལུང་མན་ངག་རྒྱ་མཚོའི་མངའ་བདག་ཆེ། །ལུང་རྟོགས་བསྟན་འཛིན་བཟང་པོ་ཞབས་བརྟན་གསོལ། །

རབས་འབྱམས་ཚེ་ལྷ་གསུམ་དང་འཕགས་བོད་ཀྱི། །པཎ་གྲུབ་བྱེ་བའི་ཐུགས་རྗེ་བྱིན་མཐུ་དང་། །
གསང་ཆེན་རྩ་གསུམ་སྲུང་མའི་མཐུ་རྩལ་གྱིས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །

ཅེས་པ་འདི་ཉིད་༸གྲུབ་དབང་རྫོགས་ཆེན་དགོན་ཤྲཱི་སེང་བཤད་གྲྭའི་ལས་ཐོག་མཁན་པོ་ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་གྱིས་བསྐུལ་ངོར་གཏེར་ཆེན་ལས་རབ་གླིང་བའི་ཆོས་ཀྱི་བདག་པོར་དབང་བསྐུར་ཞིང་འཇིགས་མེད་ཆོས་རྗེའི་ཐུགས་སྲས་དམ་པ་མཆོག་སྤྲུལ་ལུང་རྟོགས་བསྟན་འཛིན་བཟང་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ཚིགས་སུ་འཕགས་ཡུལ་རྫོགས་ཆེན་དགོན་ནས་རྫོགས་སྤྲུལ་མིང་འཛིན་པ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།
བོད་རབ་བྱུང་ ༡༧ པའི་ཆུ་ཕོ་འབྲུག་ལོའི་ ཟླ་ ༠༡ ཚེས་ ༠༢ ཉིན།
རྫོགས་སྤྲུལ་བས་བདུན་པས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu