ཞབས་བརྟན་གསོལ་འདེབས།

བཀླགས་གྲངས། 84

ཨེ་མ་ཧོ། འཇིགས་པ་ཀུན་བྲལ་བདེ་ཆེན་རྡོ་རྗེའི་སྐུ།། རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་མངའ་བརྙེས་པ།། རི་རྒྱལ་ལྷུན་པོ་བཞིན་དུ་རྟགས་བརྟན་པའི།། སྐྱབས་གཅིག་དྲིན་ཆེར་བླ་མར་གསོལ་བ་འདེབས།། ཉིད་སྐུ་མི་འགྱུར་རྟག་བརྟན་རྡོ་རྗེའི་ཁྲིར།། སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟག་བཞུགས་ནས།། བསྟན་འགྲོའི་རྒུད་པ་གསོ་བའི་མཐུ་ཐོབ་ཤོག།

ཕྱོགས་བཅུའི་རྒྱལ་བ་ཡོངས་ཀྱི་ཐུགས་བསྐྱེད་དང་།། སྤང་རྟོགས་ཚེ་རིག་འཛིན་པའི་ནུས་མཐུ་དང་།། བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས།། སྨོན་པ་བཞིན་དུ་ཐོག་མེད་འགྲུབ་གྱུར་ཅིག། 

ཅེས་པ་འདིའང་རིན་པོ་ཆེ་ལ་ཞབས་བརྟན་གསོལ་འདེབས་སུ་སྤྲུལ་བའི་སྐུ་མཆོག་འཇམ་དབྱངས་བསྟན་འཛིན་གྱིས་ཐུགས་བཞེད་བཞིན་སྙིགས་དུས་ཀྱི་གཏེར་གཟུགས་ཙམ་འཛིན་པ་པདྨ་འཕྲིན་ལས་གླིང་བའི་སྨོན་ཚིག་འདི་གུས་པས་ཕུལ།

Menu