རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་འཇིགས་མེད་བློ་གསལ་དབང་པོའི་ཞབས་བརྟན་གསོལ་འདེབས་བསྡུས་པ་དོན་གཉིས་ཡིད་བཞིན་འདོད་འཇོ་བཞུགས།།
ཨེ་མ་ཧོ། ཐུབ་པའི་བསྟན་པ་འཛིན་སྐྱོང་སྤེལ་ལ་མཁས། །འཇིགས་པ་མེད་པར་སྙིགས་འགྲོའི་འགྲོ་ལ་བརྩེ། །
ཤེས་བྱ་ཀུན་མཁྱེན་བློ་སྟོབས་གཞན་ལས་ལྷག །གསལ་སྟོང་ཟུང་འཇུག་གནས་ལུགས་མངོན་དུ་གྱུར། །
དབང་ཁྲིད་མན་ངག་ཟབ་མོའི་ཆོས་ཆར་འབེབས། །བསྟན་པའི་བདག་པོ་ཡིད་བཞིན་ནོར་བུ་རྗེ། །
ཉིད་སྐུ་མི་འགྱུར་རྟག་བརྟན་རྡོ་རྗེའི་ཁྲིར། །བསྐལ་བརྒྱའི་བར་དུ་ཡུན་རིང་བཞུགས་ནས་སུ། །
བསྟན་དང་འགྲོ་བའི་གསོས་སྨན་འགྱུར་བར་སྨོན། །ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་འཕགས་ཚོགས་དང་། །
ཚེ་རིག་འཛིན་པའི་ལྷ་ཚོགས་ནུས་མཐུ་ཡིས། །སྨོན་པ་བཞིན་དུ་གེགས་མེད་འགྲུབ་གྱུར་ཅིག །
ཅེས་པ་འདིའང་དགེ་མང་སྤྲུལ་བའི་སྐུ་མཆོག་འཇམ་དབྱངས་བསྟན་འཛིན་གྱི་ཐུགས་བཞེད་བཞིན་པདྨ་འཕྲིན་ལས་གླིང་བས།