ཚོགས་གླུ་ལས་སྨོན་རྟེན་འབྲེལ།
ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོ ན་ཤིང་གི་སྟེང་ན། །
རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ ཡང་ཕེབ་བྱུང་། །
རྨ་བྱའི་གདུགས་བསྐོར་དམ་པའི་ཆོ ས་ཕྱོགས་ལ་བསྒྱུར་དང་། །
གཞོན་པ་ང་ཚོས་ཐར་པའི་ལམ་སྣ་ཞིག་ ཟིན་ཡོང་། །
བསོད་ནམས་དཔྱིད་ཀྱི་རྒྱལ་མོ་ཤི ང་རྟ་ལ་ཕེབ་དང་། །
ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུ ག་གི་གསུང་སྙན། །
ཡ་གི་དྲི་ཟའི་བུ་མོའི་གླིང་བུ་ ལས་སྙན་པས། །
དབྱར་གསུམ་ནམ་ཟླ་སྤྲོ་བའི་རྟེན་ འབྲེལ་ལ་ཡག་བྱུང་། །
འདིར་འདུས་ལས་སྨོན་མཐུན་པའི་རྡོ ་རྗེ་ཡི་སྤུན་གྲོགས། །
ང་ཚོའི་བླ་མ་བཞུགས་པའི་ཆོས་གྲལ་ ལ་ཕེབ་དང་། །
སྨིན་གྲོལ་བདུད་རྩི་འཐུང་བའི་ དགའ་སྟོན་གྱིས་ངང་ནས། །
ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོ ས་ཞིག་ཡོད་དོ། །
བདེ་ཆེན་འཕོ་འགྱུར་མེད་པའི་བཞུ གས་གྲལ་གྱི་དབུས་ནས། །
ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱ ང་མཐོང་བྱུང་། །
མ་དང་མཁའ་འགྲོའི་སྙིང་ཏིག་འོད་ གསལ་གྱི་ཐེག་པས། །
འཇའ་ལུས་ཆོས་སྐུ་འགྲུབ་པའི་དངོ ས་གྲུབ་ཅིག་ཞུའོ། །
རིག་འཛིན་འཇིགས་གླིང་ནས།