ཨོ་རྒྱན་རྒྱ་མཚོ་ནི།

བཀླགས་གྲངས། 388

གཡག་སྡེ་བྱེ་མ་ཞེས་པའི་ས་ཆར་གཡག་སྡེ་པཎ་ཆེན་དང་རུས་ཁྱིམ་གཅིག་པར་སྤྱི་ལོ་༡༦༣༨་ལོར་སྐུ་འཁྲུངས།

 

ཆུང་མིང་ལ་བྱམས་པ་ལྷུན་གྲུབ་དང་བསྡུས་མིང་གཡག་བྱམས་ཞེས་གྲགས།མཚན་གི་རྣམ་གྲངས་ལ།         བྱམས་པ་ལྷུན་གྲུབ།གཡག་བྱམས་སོགས་འབོད།

གྲུབ་དབང་རྫོགས་ཆེན་པ་དང་མཇལ་ནས་བཅོས་མིན་གྱི་མོས་གུས་འཁྲུངས་བ་ལྟར་གཙུག་ཕུད་ཕུལ་ནས་རབ་བྱུང་གི་སྡོམ་པ་བཞེས་པའི་མཚན་ལ་ཨོ་རྒྱན་རྒྱ་མཚོ་གསོལ།དེ་ནས་ཞེ་ཆེན་རབ་འབྱམས་ལས་ཐོས་པའི་སྒྲོ་འདོགས་བཅད་ཅིང་རྫོགས་ཆེན་པ་དབུས་སུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་དང་ཟབ་ཆོས་དུ་མ་ནོད།དེ་ནས་རྡོ་བྲག་དང་སྨིན་གླིང་སོགས་སུ་ཕེབས་ནས་སྨིན་གླིང་གཏེར་ཆོས་ཡོངས་རྫོགས་དང་བྱང་པ་བཀའ་བརྒྱད་སོགས་དབང་ལུང་གསན།རྒྱལ་དབང་ལྔ་བའི་མདུན་ནས་ཟབ་ཆོས་ཀྱི་གདམས་པ་མང་དུ་ཞུས།སླར་ཡང་རྫོགས་ཆེན་རིན་པོ་ཆེ་ལས་སྙིང་ཐིག་གི་ཟབ་ཁྲིད་དང་དབང་ལུང་མན་ངག་སྐོར་དུ་མ་གསན་ནས་སྔར་མེད་ཀྱི་རྟོགས་པ་རྒྱུད་ལ་འཁྲུངས།དེ་ནས་གཏེར་ཆེན་རིག་འཛིན་ཉི་མ་གྲགས་པ་དང་རྫོགས་ཆེན་དཔོན་སློབ་ཟུང་གི་མདུན་ནས་གཏེར་གསར་དབང་ལུང་ཁྲིད་མན་ངག་དང་བཅས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་ཅིང་རྟོགས་རྒྱུགས་ཕུལ་ནས་ཐུགས་གྱེས་པ་ཆེན་པོ་མཛད།གཏེར་ཆེན་ཉི་མ་གྲགས་པས་ཆོས་བདག

་ཏུ་མངའ་གསོལ།པོན་འབུམ་སྐྱབས་ཀྱིས་ཞབས་སྤྱི་བོར་བླངས་ཏེ་ཐུན་མིན་གྱི་བླ་མ་བསྟན་པའི་སྦྱིན་བདག་གི་མཐུན་རྐྱེན་ལ་ལྷ་སྡེ་ཕུལ།

སྤྱི་ལོ{1687}ཐེག་མཆོག་འགྲོ་འདུལ་གླིང་གི་སྒྲུབ་སྡེ་གསར་དུ་བཏབ་པས་ཡིད་ལྷུང་དགོན་གཅིིག་ཞེས་གྲགས་པ་དེ་དུས་བྱུང་།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོ་ག་ཕྱག་ལེན་དང་།ག་རྡུལ་མཚོན་འདོན་གྱེར་དབྱངས་འབུད་བརྡུངས་བཀྲོལ

་གསུམ་སོགས་སྒྲིག་ལམ་དང་།གཏེར་སྟོན་རིག་འཛིན་ཉི་མ་གྲགས་པའི་སྒྲུབ་སྐོར་བཅས་ཡུལ་དགོན་སྤྱིའི་རིམ་གྲོ་སོགས་གྱུར།སྡོམ་རྒྱུན་ཡང་གྲུབ་དབང་པདྨ་རིག་འཛིན་ནས་བརྒྱུད།ཡུལ་སྡེ་སྤྱི་ལ་མ་ཎི་དང་སིདྡྷི་སྨྱུང་གནས་སོགས་ཀྱིས་དགེ་བསྐུལ་དང་བསྟན་པའི་

སྒོར་ཞུགས་རྣམས་ཡི་གེ་འབྲི་ཀློག་ནས་ཆོ་ག་ཕྱག་ལེན་དཔེ་ཆ་སློབ་གཉེར་སོགས་མཛད།མཆོག་གི་སློབ་མ། གཙོ་བོ་རྟ་མགྲིན་འབུམ་དང་། སྲས་པདྨ་དབང་ཕྱུག་དང་།པདྨ་མདོ་དང་།དཔོན་འབུམ་སྐྱབས།བློན་ཚེ་བརྟན།ཚེ་དབང་ལྷུན་གྲུབ་སོགས་བྱུང་།བླ་མ་སངས་རྒྱས་མཐོང་བའི་མོས་གུས་སྐྱེ།རྟོགས་པ་བོག་ཐོན།སྣང་བ་ཐམས་ཅད་རང་སྣང་རིས་མེད་དུ་ཤར།ལྷས་ངན་གཡང་དུ་ཁུགབར་ཆད་དངོས་གྲུབ་ཏུ་ལོན།སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཤར་ནས་རྩ་གསུམ་

ལྷག་ལྷ་རྣམས་དངོས་ཉམས་དང་རྨི་ལམ་སོགས་སུ་མཇལ།སྣང་སྲིད་དྲེགས་ཚོགས་ཐམས་ཅད་བྲན་དུ་ཁོལ་ཞིང་ཅི་བགྱིས་ཀྱི་ལས་རྣམས་ངང

་གིས་འདུ་བས་ཕྲིན་ལས་མཐར་རུ་ཕྱིན་གྱིས་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་དོ།

ཡོངས་ཁུང་གཡག་ཟེ་དགོན་པའི་ལོ་རྒྱུས་བསྡུས་པ་བདེན་གཏམ་རྣ་བའི་གླིང་བུ་ལས་ཤོག་གྲངས་༢༥་ནས་༢༧་པར།

ཡབ་ཡུམ་དང་འདས་ལོ་མི་གསལ།

ཤར་མི་ཉག་པ། རྫཽགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།

Menu