སྤྲེལ་ལོ་སྤྲེལ་ཟླའི་ཚེས་༢༥ ཉིན་མ་ཧཱ་གུ་རུའི་ཚོགས་འབུམ་འཚོགས་འདུག

དེ་ཡང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཉིན་རྫོགས་ཆེན་རིན་པོ་ཆེ་འཁོར་བཅས་སྦས་ཡུལ་འབྲས་མོ་ལྗོངས་ལ་ཆེད་ཕེབས་ཀྱིས་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཅིང་། དེ་ནས་གུ་རུའི་གནས་མཆོག་བྲག་དཀར་བཀྲ་ཤིས་སྡིངས། གནས་མཆོག་རྡོ་རྗེ་གདན། ཝ་ར་ན་སུ་སོགས་སུ་ཕྱག་སྐོར་དང་། ཚོགས་མཆོད་ཕུལ་ཏེ་ཕྱིར་དགོན་ནང་དུ་ཕེབས།

འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་གྱིས་ལོ་ལྟར་འཚོགས་སྲོལ་ཡོད་པའི་དུས་མཆོད་ཆེན་མོ་མ་ཧ་གུ་རུའི་འབུམ་ཚོགས་དེ་ཡང་སྤྲེལ་ཟླའི་ཚེས་༢༤ ནས་དབུ་འཛུགས་ཀྱིས་ཉིན་ལྔར་འཚོགས་ཡོད་པ་རེད། སྐབས་དེར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་མང་ཚོགས་དང་དགོན་སྡེ་ཁག་བརྒྱད་ཀྱང་མཉམ་ཞུགས་ཀྱིས་འཚོགས་ཡོད་པ་དང་། སྐབས་དེར་ཡུལ་ལ་ཆར་ཆུ་དུས་སུ་བབ་པ་སོགས་མང་ཚོགས་ལ་དོ་སྣང་དང་དགའ་ཚོར་ཆེས་ཆེར་བྱུང་འདུག །ཚེས་༢༥ སྟེ་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྫོགས་ཆེན་རིག་འཛིན་འདུས་སྡེ་ནས་རྫོགས་ཆེན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཞིག་ཕུལ་བ་དང་། དེར་བྷེ་རིའི་ཉི་གྲགས་དགོན་པའི་སྤྲུལ་སྐུ་དམ་ཆོས་སོགས་དགོན་སྡེ་ཁག་གི་མཁན་སྤྲུལ་བླ་སློབ་དགེ་བཤེས་རྣམ་པ། ས་འཐུས་ཚོགས་གཙོ་དང་། ས་གནས་འགོ་འཛིན། མཉམ་འབྲེལ་འགན་འཛིན་དང་དྲུང་ཡིག །ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་ཚོགས་གཙོ། སྨན་ཁང་ཁག་གཉིས་ཀྱི་འགན་འཛིན་དང་སྨན་པ། སློབ་གྲྭའི་སློབ་སྤྱི། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་ཕེབས་ཡོད་པ་རེད། བརྟན་བཞུགས་གྲུབ་རྗེས་རིན་པོ་ཆེ་ནས་གསུང་དོན། མང་ཚོགས་དང་དགོན་སྡེ་ཁག་ཕར་བསྟེན་ཚུར་བསྟེན་ཡིན་པས་ང་ཚོས་ནམ་ཡང་ནང་ཆོས་དང་། སྲོལ་རྒྱུན་རིག་གཞུང་ལ་ངེས་པར་དོ་སྣང་མང་ཙམ་བྱེད་དགོས་པ་དང་། གཅིག་ནས་རངགི་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རེད། གཉིས་སུ་རང་གི་ཚེ་འདི་ཕྱི། ལུས་སེམས་གང་ལའང་ཕན་པའི་སྨན་ཆེན་པོ་ཞིག་ཡིན་པ་རང་གཞན་ཚང་མས་དང་ལེན་བྱས་ཏེ་ཉམས་ལེན་བྱེད་ཀྱི་ཡོད་པ་ཡིན་དུས་དེའི་སྒང་ལ་སྤྱི་སྒེར་ཚང་མས་ནུས་ཤུགས་སྔར་ལྷག་སྤེལ་རོགས་ཞུ་རྒྱུ་དང་། ལས་འབྲས་ཚད་ལྡན་སྲུང་ཞིང་ཡ་རབས་ཀུན་སྤྱོད་ཡོད་ན་ཆར་ཆུ་དུས་སུ་འབེབ་པ་སོགས་དགེ་བའི་ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་ངེས་པ་ཡིན་པས་ཐུགས་ལ་འཛིན་རྒྱུ་མ་བརྗེད་སོགས་བཀའ་སློབ་ཟབ་རྒྱས་གནང་སོང་། འབུམ་ཚོགས་གྲ་སྒྲིག་འགན་འཛིན་པ། ཤར་མི་ཉག་པ་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཡིན་པ་རེད།

སྤྲེལ་ལོ་སྤྲེལ་ཟླའི་ཚེས་༢༥ ཉིན་མ་ཧཱ་གུ་རུའི་ཚོགས་འབུམ་འཚོགས་འདུགདེ་ཡང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཉིན་རྫོགས་ཆེན་རིན་པོ་ཆེ་འཁོར་བཅས་སྦས་ཡུལ་འབྲས་མོ་ལྗོངས་ལ་ཆེད་ཕེབས་ཀྱིས་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཅིང་། དེ་ནས་གུ་རུའི་གནས་མཆོག་བྲག་དཀར་བཀྲ་ཤིས་སྡིངས། གནས་མཆོག་རྡོ་རྗེ་གདན། ཝ་ར་ན་སུ་སོགས་སུ་ཕྱག་སྐོར་དང་། ཚོགས་མཆོད་ཕུལ་ཏེ་ཕྱིར་དགོན་ནང་དུ་ཕེབས། འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་གྱིས་ལོ་ལྟར་འཚོགས་སྲོལ་ཡོད་པའི་དུས་མཆོད་ཆེན་མོ་མ་ཧ་གུ་རུའི་འབུམ་ཚོགས་དེ་ཡང་སྤྲེལ་ཟླའི་ཚེས་༢༤ ནས་དབུ་འཛུགས་ཀྱིས་ཉིན་ལྔར་འཚོགས་ཡོད་པ་རེད། སྐབས་དེར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་མང་ཚོགས་དང་དགོན་སྡེ་ཁག་བརྒྱད་ཀྱང་མཉམ་ཞུགས་ཀྱིས་འཚོགས་ཡོད་པ་དང་། སྐབས་དེར་ཡུལ་ལ་ཆར་ཆུ་དུས་སུ་བབ་པ་སོགས་མང་ཚོགས་ལ་དོ་སྣང་དང་དགའ་ཚོར་ཆེས་ཆེར་བྱུང་འདུག །ཚེས་༢༥ སྟེ་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྫོགས་ཆེན་རིག་འཛིན་འདུས་སྡེ་ནས་རྫོགས་ཆེན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཞིག་ཕུལ་བ་དང་།  དེར་བྷེ་རིའི་ཉི་གྲགས་དགོན་པའི་སྤྲུལ་སྐུ་དམ་ཆོས་སོགས་དགོན་སྡེ་ཁག་གི་མཁན་སྤྲུལ་བླ་སློབ་དགེ་བཤེས་རྣམ་པ། ས་འཐུས་ཚོགས་གཙོ་དང་། ས་གནས་འགོ་འཛིན། མཉམ་འབྲེལ་འགན་འཛིན་དང་དྲུང་ཡིག །ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་ཚོགས་གཙོ། སྨན་ཁང་ཁག་གཉིས་ཀྱི་འགན་འཛིན་དང་སྨན་པ། སློབ་གྲྭའི་སློབ་སྤྱི། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་ཕེབས་ཡོད་པ་རེད། བརྟན་བཞུགས་གྲུབ་རྗེས་རིན་པོ་ཆེ་ནས་གསུང་དོན། མང་ཚོགས་དང་དགོན་སྡེ་ཁག་ཕར་བསྟེན་ཚུར་བསྟེན་ཡིན་པས་ང་ཚོས་ནམ་ཡང་ནང་ཆོས་དང་། སྲོལ་རྒྱུན་རིག་གཞུང་ལ་ངེས་པར་དོ་སྣང་མང་ཙམ་བྱེད་དགོས་པ་དང་། གཅིག་ནས་རངགི་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རེད། གཉིས་སུ་རང་གི་ཚེ་འདི་ཕྱི། ལུས་སེམས་གང་ལའང་ཕན་པའི་སྨན་ཆེན་པོ་ཞིག་ཡིན་པ་རང་གཞན་ཚང་མས་དང་ལེན་བྱས་ཏེ་ཉམས་ལེན་བྱེད་ཀྱི་ཡོད་པ་ཡིན་དུས་དེའི་སྒང་ལ་སྤྱི་སྒེར་ཚང་མས་ནུས་ཤུགས་སྔར་ལྷག་སྤེལ་རོགས་ཞུ་རྒྱུ་དང་། ལས་འབྲས་ཚད་ལྡན་སྲུང་ཞིང་ཡ་རབས་ཀུན་སྤྱོད་ཡོད་ན་ཆར་ཆུ་དུས་སུ་འབེབ་པ་སོགས་དགེ་བའི་ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་ངེས་པ་ཡིན་པས་ཐུགས་ལ་འཛིན་རྒྱུ་མ་བརྗེད་སོགས་བཀའ་སློབ་ཟབ་རྒྱས་གནང་སོང་། འབུམ་ཚོགས་གྲ་སྒྲིག་འགན་འཛིན་པ། ཤར་མི་ཉག་པ་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཡིན་པ་རེད།

 

Menu