ས་སྐྱ་ཁྲི་ཆེན་རིན་པོ་ཆེ་རྫོགས་དགོན་དུ་ཕེབས།

སྤྱི་ལོ་༢༠༡༧ ཟླ་༤ པའི་ཚེས་༡༩ ཉིན་རྒྱབ་དཔལ་ལྡན་ས་སྐྱ་༧ གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་སྒར་དུ་ཆུབས་བསྒྱུར་གནང་།

སྐབས་དེར་ས་གནས་ནས་དགོན་པའི་དགེ་འདུན་པ་དང་སློབ་གྲྭའི་སློབ་མ་སོགས་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་རྒྱ་ཆེར་ཞུས་ཏེ། དཔལ་རྒྱལ་བ་རྫོགས་ཆེན་དགོན་གྱི་འདུ་ཁང་དུ་ཞབས་སོར་བསྐྱངས་ཏེ། དད་ལྡན་འདུས་པའི་ཚོགས་ཀྱི་གཙོ་བོར་བཞུགས་ཁྲིར་འཁོད་པ་དང་། ཕྱོགས་བཞུགས་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། ས་གནས་འགོ་འཛིན། ས་འཐུས་ཚོགས་གཙོ་བཅས་ནས་རིམ་པས་རྟེན་གསུམ་འདེགས་འབུལ་གནང་བ་སོགས་རྟེན་འབྲེལ་མཛད་སྒོ་གནང་ཡོད་པ་རེད། སྤྱི་ཚེས་༢༠ ཉིན་གྱི་ཞོགས་པ་ཆུ་ཚོད་༩ པ་ནས་དད་ལྡན་མང་ཚོགས་སུམ་སྟོང་ཙམ་ལ་ཀུན་སློང་ཀུན་སྤྱོད་བཅོས་དགོས་རྒྱུ་གལ་ཆེ་བའི་རིམ་པ་ནས་ནང་ཆོས་ངོ་སྤྲོད་ཟབ་རྒྱས་གནང་སོང་། དེ་ནས་དངོས་གཞི་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་ཚེ་དབང་ལོ་བརྒྱ་མའི་ཚེ་དབང་བཀའ་དྲིན་ཆེ་བར་མཛད་པ་དང་། ཉིན་རྒྱབ་གཞིས་ཆགས་ཀྱི་མི་རབས་སྐུ་བགྲེས་རྣམས་ལ་དམིགས་བསལ་ཀྱི་མཇལ་ཁ་གནང་བ་མ་ཟད་ཚེ་འགུགས་དང་། འཕོ་བ་སོགས་བཀའ་དྲིན་ཆེ་བར་མཛད། རྫོགས་ཆེན་དགོན་པའི་མཆོད་རྟེན་ཆ་བརྒྱད་ལ་རབ་གནས་མཛད་ཅིང་དགོན་པའི་ལས་སྣེ་ཡོངས་ལ་དམིགས་བསལ་མཇལ་ཁ་གནང་བ་སོགས་ཀྱི་མཛད་པ་བསྐྱང་ཡོད་པ་རེད།
རྫོགས་ཆེན་དགོན་དུ་ཆིབས་བསུ་གནང་བཞིན་པ།
དད་ལྡན་མང་ཚོགས་ཀྱིས་བཀའ་ཆོས་ཞུ་བཞིན་པ།

Menu