ལ་གསུམ་རྒྱལ་བ་བྱང་ཆུབ།
སད་མི་མི་བདུན་དུ་གྲགས་པའི་ནང་ ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི ་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ ་སོན་པའི་མཁས་པ་ཆེན་པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་གསུམ་བྱང་ཆུབ་རྒྱ ལ། ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲ ངས་སུའང་བགྲང་བར་སྣང༌། སློབ་དཔོན་ཆེན་པོ་ལས་དབང་དང་ གདམས་པ་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་ གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོ ན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེ ན་པོའོ།།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།