རྫོགས་ཆེན་རིན་པོ་ཆེ་ལ་བསྔགས་པའི་མེ་ཏོག།

བཀླགས་གྲངས། 410

༄༅།།༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་ལ་བསྔགས་པ་དད་གསུམ་ལྷ་ལས་བབས་པའི་མེ་ཏོག།       འཇིགས་མེད་རིག་པའི་དབང་ཕྱུག་རྫོགས་ཆེན་པ།།  བློ་གསལ་གཞུང་ལུགས་མཛོད་འཆང་རྫོགས་ཆེན་པ།།  སྔ་འགྱུར་བསྟན་པའི་དབང་པོ་རྫོགས་ཆེན་པ།།

 མདོ་སྔགས་རིགས་གྱི་བདག་པོ་རྫོགས་ཆེན་པ།།    གྲུབ་དབང་རྫོགས་ཆེན་བསྟན་པའི་་མགོན་དཔུང་ཁྱེད།།  རྫོགས་ཆེན་སྐྱེས་ཕྲེང་དྲུག་པའི་ཡང་སྤྲུལ་ཞིག། སྔ་འགྱུར་མགོན་དུ་བྱོན་པ་ངོ་མཚར་ཆེ།། འོད་གསལ་བསྟན་པའི་བདག་པོ་ཁྱེད་མིན་སུ།། རྫོགས་ཆེན་སྐྱེ་ཕྲེང་བདུན་པའི་གཟིགས་སྐུ་དེ།། རྫོགས་ཆེན་གཞིས་བྱེས་གཉིས་ཀྱི་མགོན་དུ་ཕེབས།།   མ་འོངས་རྫོགས་ཆེན་མཁས་མང་གདན་ས་རུ།། ཞབས་སོར་མྱུར་དུ་འཁོད་པའི་ཤིས་སྨོན་ཞུ།།  རྫོགས་ཆེན་བསྟན་པའི་བདག་པོ་ཁྱེད་ཉིད་ཀྱིས།།  མཛད་འཕྲིན་དུང་དཀར་སྙན་མོའི་སྒྲ་དབྱངས་དེ།། ཕ་ཁྱིམ་ཁ་བའི་ཞིང་ལ་རྟག་ཤར་ནས།། རླབས་ཆེན་བསྟན་འགྲོའི་མགོན་དུ་བཞུགས་པར་ཤོག། བཞུགས་སྒར་རྡ་ས་ལ་ནས་དར་ཐང་པ་ཨོ་རྒྱན་བསོད་ནམས་ཀྱིས་གུས་ཕུལ།།  ༢༠༠༡༡  ༡༠   ༢༤

Menu