རྫོགས་ཆེན་དཔོན་སློབ་སྐུ་རབས་དྲུག་པ།
ཁྲོམ་ཐ་ཨ་ཆོས་ཁྱིམ་དུ་འཁྲུངས་པ་ཁྲིར་བཀོད་མ་ཐུབ་ཀྱང་། དེའི་རྗེས་ཡབ་ལྡན་ཁོག་ཨ་ཐུབ་སྲས་པོ་ཚེ་དབང་ཕུན་ཚོགས་དང་། ཡུམ་རིགས་བཟང་མཁའ་འགྲོའི་མཚན་རྟགས་ལྡན་པའི་སྡེ་དགེ་རྒྱ་མཁར་སྲས་མོ་སྐལ་བཟང་ཆོས་སྒྲོན་གཉིས་སུ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་གཅུང་དུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ།
སྤྱི་ལོ། ༡༩༢༨ ལ་ལྡན་ཁོག་ཕོ་བྲང་དུ་སྐུ་འཁྲུངས་པ་དང་། རྫོགས་སྤྲུལ་ལྔ་བས་ཁྲིར་བཀོད་ནས་མཚན་འཇིགས་བྲལ་ཚེ་དབང་རྡོ་རྗེ་ཞེས་གསོལ། མཁན་ཐུབ་བསྟན་སྙན་གྲགས་མཆོག་གིས་ཡོངས་འཛིན་མཛད། འབྲི་ཀློག་ནས་བཟུང་གསན་སྦྱོང་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དཔལ་བཟང་པོའམ་མཁན་ལྷ་སྒོང་སོགས་ལས་སྙིང་ཐིག་སྔོན་འགྲོ་དང་དངོས་གཞིའི་ཟབ་ཁྲིད་གནད་སྨིན་གསན་ཏེ་ཉམས་བཞེས་ཀྱིས་རྟོགས་པའི་དབང་ཕྱུག་ཆེན་པོར་བཞུགས་ཀྱང་དགུང་གྲངས་སུམ་བཅུ་སོ་བདུན་ཐོག་འབྲས་ལྗོངས་སུ་དགོངས་པ་གཞན་དོན་དུ་གཤེགས།
རྫོགས་ཆེན་ཆོས་འབྱུང་ཡོང་འདུས་ལྗོན་པའི་སྐྱེད་ཚལ་ལས།
ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས།