༄༅། །ཨ འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་། །རང་གདངས་མ་འགག་ཡེ་ཤེས་འོད་ལྔའི་ཀློང་། །ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ། །རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད། །དཀར་གསལ་མཛེས་འཛུམ་པཎྚི་ཏ་ཡི་ཆས། །ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །
རྩོམ་རྙིང་ཤོས།
སྤེལ་གསར་ཤོས།
སྔོན་འགྲོ་ཆོས་སྤྱོད་ཐར་ལམ་དཀར་པོ་ཞེས་བྱ་བ་བཞུགས་སོ། །
༄༅། །སྐྱབས་ཡུལ་ནི། ཨོཾ་ཨཱཿ ཧཱུྃ། མདུན་གྱི་ནམ་མཁའ་རྣམ་དག་ཞིང་ཁམས་མཆོག །ངོ་མཚར་བཀོད་རབ་འབར་བ་ཁྱོན་ཡངས་དབུས། །རིན་ཆེན་ཁྲི་རྐང་པད་ཉི་ཟླ་གདན་སྟེང། །བླ་མ་ཨོ་རྒྱན་སྐུ་གསུམ་ཀུན་བཟང་ལ། །སྐྱབས་གནས་མ་ལུས་རྣམས་ཀྱིས་བསྐོར་བར་དམིགས། །མགོན་པོ་དེ་དག་མདུན་དུ་བདག་ཉིད་བཅས། །
དབང་སྡུད་གསོལ་འདེབས་བྱིན་རླབས་སྤྲིན་ཆེན།
ཨོཾ་ཨཱ་ཧཱུྃཿཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ། །མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། །རྡོ་རྗི་ཉི་མ་སྣང་བ་ཆེན་པོའི་དཔལ། །ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རྗེས་ཆགས་གཟུགས། །པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར། །
ཐར་པའི་ས་བོན་འདེབས་པའི་དབང་བསྐུར་འབྲེལ་ཚད་དོན་ལྡན།
༄༅། །ཕྱི་རོལ་ཁྲུས་ཀྱི་གཙང་སྦྲ་དང་། །སྒྲིབ་སྦྱོང་ནང་གི་གཙང་སྦྲ་སྟེ། །དག་བྱེད་མཆོག་འདི་རྒྱལ་བས་གསུངས། །དེ་ཕྱིར་འདི་དོན་ཉམས་སུ་ལོངས། ། ཡིག་བརྒྱ་བརྗོད། ཀྱེ། ཡོན་ཏན་རྒྱ་མཚོའི་གཏེར་གཅིག་པུ། །འགྲོ་ལ་ཕན་བདེའི་ཐབས་སྟོན་པའི། ། བཀའ་དྲིན་མཚུངས་མེད་བླ་མ་རྗེ། །བདག་ལ་ལེགས་པའི་ལམ་སྟོན་ཅིག །
གུ་རུ་དྲག་པོའི་སྒྲུབ་ཐབས་བཞུགས་སོ། །
༄༅། །གུ་རུ་དྲག་པོའི་སྒྲུབ་པ་ནི། འཁོར་འདས་ཐམས་ཅད་གདོད་མ་ནས། །མ་སྐྱེས་ཀ་དག་ངང་ཉིད་ལས། །རིག་པ་ཆུ་ལས་ཉ་འཕར་ཚུལ། །རང་ཉིད་གུ་རུ་དྲག་པོ་ནི། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར། །གཡོན་པས་སྡིག་པ་ཐུགས་ཀར་འཛིན། །ཞབས་གཉིས་རཱུ་ཏྲ་ཕོ་མོའི་སྟེང་། །གར་སྟབས་འགྱིང་བག་ཚུལ་དུ་བཞུགས། །