རིག་འཛིན་དབང་དྲག་རོལ་བ་རྩལ་ནི།།

བཀླགས་གྲངས། 479


ལྷ་རུ་དཔོན་གྱི་ནང་བློན་བསོད་ནམས་དབང་ཕྱུག་དང་།བུ་མོ་གཡང་སྐྱབས་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༧༦༧་ལོར་སྐུ་འཁྲུངས།

རྡོ་གྲུབ་ཀུན་བཟང་གཞན་ཕན་དང་།གཏེར་ཆེན་བདུད་འདུལ་རྡོ་རྗེའི་ལུང་བྱང་ལས་ལུང་བསྟན་པ་ལྟར་མཚན་གྱི་རྣམ་གྲངས་ཀྱང་།དབང་དྲག་རྡོ་རྗེ་དང་།ཁྲག་འཐུང་དབང་དྲག་རྡོ་རྗེ།དབང་དྲག་བདེ་ཆེན་རྡོ་རྗེ་སོགས་གཏེར་གྱི་ལུང་བྱང་ལས་བྱུང་བ་དང་།ཉིད་ཀྱི་གཏེར་བྱང་ལས།སེ་རའི་བླ་མ་ཨོ་རྒྱན་རྒྱ་མཚོ་དང་།ཧེ་རུ་ཀ་ཡེ་ཤེས་རྡོ་རྗེ།གླིང་སྤྲུལ་བསོད་ནམས་བསྟན་འཛིན།འབོ་རོ་ཨོ་རྒྱན་མཐུ་སྟོབས་རྡོ་རྗེའི་སྐྱེ་ཕྲེང་ཡིན་པར་མ་ཟད་བསམ་གཏན་གླིང་པའམ་རིག་འཛིན་སྟག་ཤམ་རྡོ་རྗེའི་སྐྱེ་མཐའ་ཡིན་པར་ཞལ་བཞེས་མཛད།མཆོག་སྤྲུལ་འཇམ་དབྱངས་ལས་འཇའ་ཚོན་དཀོན་མཆོག་སྤྱི་འདུས་དབང་ལུང་དང་།ཉི་གྲགས་གཏེར་ཆོས་ཀྱི་དབང་ལུང་

དང་བཀའ་བརྒྱད་བདེར་འདུས་ཀྱི་དབང་སོགས་ནོད།ནམ་མཁའ་ཚེ་དབང་མཆོག་གྲུབ་ལས་བླ་མ་དགོངས་འདུས་ཀྱི་དབང་ཁྲིད་ཞུས།མདོ་མཁྱེན་བརྩེ་ལས་རིག་པ་བཅར་ཕོག་གི་གདམས་ངག་འོད་གསལ་རྫོགས་པ་ཆེན་པོའི་སྐོར་གསན།བླ་མ་པདྨ་དར་རྒྱས་ལས་སྔ་

འགྱུར་བཀའ་མའི་ཆོས་སྡེ་སྤྱི་དང་།ཁྱད་པར་དུ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་བཤད་བཀའ་གདམས་ངག་དང་བཅས་པ།རྫོགས་ཆེན་

སེམས་ཀློང་གི་སྐོར་དང་།མན་ངག་སྙིང་ཐིག་རྫོགས་པ་ཆེན་པོ་དང་གུ་རུ་པདྨའི་རྒྱལ་ཚབ་གཏེར་ཁ་གོང་འོག་དང་བླ་མ་དགོངས་འདུས་དང་།ཡིད་མ་བཀའ་བརྒྱུད་སོགས་དབང་ལུང་ནོད་རྗེས་བསྙེན་སྒྲུབ་མཐའ་རུ་འཁྱོལ།བྱུང་འགྱུར་ཆོས་ཀྱི་མཛད་པ་ཧ་ཅང་རྒྱས་པའི་ཕྲིན་ལས་འགྲུབ་

པའི་བྱིན་བརླབ་དང་ཟངས་མདོག་དཔལ་རིའི་བཀོད་པ་ཚང་བས་གནས་སྒོ་ཕྱེ་བ་དང་དགོན་ས་བཏབ།ཧོར་ལྭ་དཀར་ཚང་གི་

རྒྱབ་སྐྱོར་བཅས་བདེ་བླག་ཏུ་འགྲུབ་ཐུབ་པར་བྱུང་ལ་དགོན་གནས་གསར་སྐྲུན་གནང་། ཐུན་མོང་གི་བླ་མ་རྫོགས་སྤྲུལ་མི་འགྱུར་ནམ་མཁའི་

རྡོ་རྗེ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ།དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་།སེང་ཕྲུག་པདྨ་བཀྲ་ཤིས།སྨིན་གླིང་ཁྲི་ཆེན་དང་།ཀླུ་ལྡིང་མཁན་རིན་པོ་ཆེ་སོགས་རིས་མེད་ཀྱི་དམ་པ

་མང་པོའི་ཞབས་སྤྱི་བོར་བླངས་ཏེ་སྨིན་བྱེད་ཀྱི་དབང་དང་།གྲོལ་བྱེད་ཀྱི་ཁྲིད་བཅས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་བསམ་མཐར་

ཕྱིན་པར་མཛད།དེ་ལྟར་བཤེས་གཉེན་བཅུ་ཕྲག་དུ་མའི་ཞབས་རྡུལ་སྤྱི་བོས་བཀུར་ཏེ་དབང་ལུང་རྒྱ་ཆེར་གསན་བཞེས་མཛད་ནས་མཐར་ཡི་དམ

་ལྷག་ལྷའི་ཞལ་གཟིགས་དང་དངོས་གྲུབ་ཐོབ་པས་བསྐྱེད་རྫོགས་ཀྱི་གདེང་ཚད་མཐོན་པོར་གཤེགས།

ཡོངས་ཁུང་གཡག་ཟེ་དགོན་པའི་ལོ་རྒྱུས་བསྡུས་པ་བདེན་གཏམ་རྣ་བའི་གླིང་བུ་ལས་ཤོག་གྲངས་༢༡་ནས་༢༢་པར།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།

Menu