ཞབས་བརྟན་སྨོན་ཚིག་མ་བཅོས་རང་མདངས་ཞེས་བྱ་བ།

བཀླགས་གྲངས། 80

ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གང་ཁྱོད་བསྐལ་མང་གོང་ནས་སངས་རྒྱས་ཀྱང་།། ལྔ་བདོའི་རྒུད་པ་སེལ་ཕྱིར་སྤྲུལ་བའི་གར།། གྲངས་མེད་གོང་ནས་གངས་ལྗོངས་མདོ་ཁམས་སུ།། བསྟན་པའི་རྒྱལ་མཚན་བསྒྲེང་ལ་གུས་ཕྱག་འཚལ།། དམ་པ་དུ་མས་འཁྲུལ་མེད་ལུང་གིས་བསྔགས།། མདོ་སྔགས་གཞུང་ལུགས་ཀུན་ལ་ཆགས་ཐོགས་བྲལ།། རིག་འཛིན་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན།། གསུམ་ལྡན་རྡོ་རྗེ་འཛིན་པ་ཞབས་བརྟན་གསོལ།།

དུས་མཐའི་མ་རིག་ལང་ཐོག་ཅན་རྣམས་ལ།། གང་ལྟར་སྣང་ཡང་འགྲོ་བའི་དོན་ཉིད་ལས།། ཐབས་མཁས་སྤྱོད་པ་སུ་ཡིས་དཔག་པར་ནུས།། འབྲེལ་ཚད་དོན་ལྡན་ཆེན་པོ་ཞབས་བརྟན་གསོལ།། མདོ་སྔགས་བསྟ༵ན་པ་འཛི༵ན་སྐྱོང་སྤེལ་བ་ལ།། ཉེར་འཚེའི་འཇི༵གས་པ་ཀུན་ལས་བྲ༵ལ་བ་དང་།། སྐུ་ཚེ་མི་འགྱུར་རི་རྒྱལ་ལྷུ༵ན་པོ༵་བཞིན།། འཆ་མེད་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ།། དཀོན་མཆོག་རྩ་གསུམ་སྲུང་མའི་བྱིན་རླབས་ཀྱིས།། རེ་ལྟོས་གདུལ་བྱའི་ཕན་བདེ་རབ་བསྒྲུབས་ནས།། སྔ་འགྱུར་རྫོགས་ཆེན་བསྟན་པ་དར་བ་དང་།། བསྟན་འགྲོའི་དོན་ཆེན་མཐའ་རུ་ཕྱིན་པར་ཤོག།
སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་གི་ཞལ་སློབ་འཇམ་དཔལ་བསྟན་འཛིན་གྱིས་འདི་ལྟར་དགོས་ཞེས་བསྐུལ་ངོར་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན་ནས་ཟླ་ཚེ་དགེ་བར་ཕུལ།

Menu