ཞབས་བརྟན་གསོལ་འདེབས།

བཀླགས་གྲངས། 87

 ཨོྃ་སྭ་སྟི། གང་ཞིག་ཡིད་ལ་དྲན་དང་བསྟེན་པ་ལ།། འདོད་པའི་དཔལ་དང་ཁྱད་པར་ཚེ་ཡི་ནོར།། སྟེར་ལ་མཐུ་དང་སྟོབས་དཔལ་ཕུན་ཚོགས་བདག། རིག་འཛིན་ཚེ་ཡི་ལྷ་རྣམས་མ་གཡེལ་ཅིག། རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི།། དྲི་མེད་རང་ལུགས་སྤེལ་ལ་མཁྱེན་བརྩེའི་མཐུ།། རྨད་བྱུང་རྫོགས་ཆེན་སྤྲུལ་བའི་སྐྱེས་རབས་སུ།། དམ་པའི་ལུང་གིས་འཁྲུལ་མེད་གང་བསྔགས་ཏེ།།

ཐུབ་པའི་བསྟན་པ་འཇིགས་མེད་སྤོབས་པ་བརྒྱའི།། འཛིན་མཛད་བློ་གྲོས་རབ་གསལ་ཀླུའི་དབང་པོ།། སྐུ་ཚེ་མི་འགྱུར་མཛད་པ་ཕྱོགས་ཀུན་ཏུ།། རྒྱས་ཤིང་བླ་མེད་བསྟན་འགྲོའི་མགོན་གྱུར་སྨོན།། རྫོགས་སྤྲུལ་བདུན་པ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོའི་ཞབས་བརྟན་དུ་ཧུྃ་ཀར་རྡོ་རྗེའི་གུས་པ་ཆེན་པོས་སྨོན་པ་དེ་བཞིན་འགྲུབ་པར་གྱུར་ཅིག།

Menu