ཞབས་བརྟན་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ།

བཀླགས་གྲངས། 78

གདོད་ནས་ཀ་དག་ཆོས་སྐུ་ཀུན་དུ་བཟང་། །གཅིག་ཏུ་འགྲོ་ལ་བརྩེ་ཆེན་ལོངས་སྤྱོད་རྫོགས། །
གང་འདུལ་སྤྲུལ་བའི་རོལ་གར་མཚོ་སྐྱེས་རྗེ། །དེང་འདིར་བྱིན་རླབས་མཐུ་ཡིས་དངོས་གྲུབ་སྩོལ། །

རྫོགས་སངས་རྒྱས་ཀྱི་ཆོས་ཕུང་བརྒྱད་ཁྲིའི་བཅུད། །ཆེན་པོ་ཐེག་པ་རིམ་དགུའི་ལམ་གྱི་གནད། །
འཇིགས་མེད་སེང་གེའི་ང་རོ་སྒྲོགས་མཛད་ཆེ། །བློ་གསལ་མཁས་པའི་དབང་པོ་ཞབས་བརྟན་གསོལ། །
མཆོག་གསུམ་རྒྱལ་བ་སྲས་བཅས་བདེན་མཐུ་དང་། །སྔ་འགྱུར་ཆོས་སྲུང་རྒྱ་མཚོའི་མཐུ་དཔུང་རྩལ། །
ཆོསཉིད་བསླུ་བ་མེད་པའི་བདེན་སྟོབས་འདིའི། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །
ཅེས་པ་འདི་༸རྒྱལ་དབང་འབྲི་ཀུང་བའི་མཚན་གྱིས་བྱིན་གྱི་བརླབས་པ། དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་ཀྱིས། རབ་བྱུང ༡༧ པའི་ས་བྱི་། སྤྱི་ལོ་ ༢༠༠༨ ཟླ་བ་༡༠ ཚེས་ ༥ ཉིན་དངས་བའི་བློས་བྲིས་པ་དགེའོ། དགེའོ། དགེའོ།། །།

Menu