ཞབས་བརྟན་གསོལ་འདེབས་དངོས་གྲུབ་ཆར་འབེབས།

བཀླགས་གྲངས། 260

ཨོྃ་སྭ་སྟི། རྩ་གསུམ་རྒྱལ་བའི་རྣམ་སྤྲུལ་མཚོ་སྐྱེས་རྗེ།། གསུང་གསུམ་སྤྲུལ་བའི་རོལ་གར་ཡོངས་ཤར་བ།།
མདོ་སྔགས་བསྟན་པ་འཛིན་པའི་ཉི་གཞོན་མཆོག། ལྟ་བསྒོམ་ས་ལམ་འཇིགས་བྲལ་ལྷུན་པོའི་རྩེར།།

 

མངོན་གྱུར་གྲུབ་པའི་རིག་འཛིན་ཆེན་པོ་ལ།། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་བརློབས།།
བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་པར།། མགོན་ཁྱེད་སྐུ་ཚེ་འཆི་མེད་པད་འབྱུང་བཞིན།།

གཡོ་མེད་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་ནས།། འགྲོ་བའི་དོན་གཉིས་འབད་མེད་འགྲུབ་གྱུར་ཅིག།
གཅིག་ཤེས་ཀུན་གྲོལ་བསྟན་པའི་སྒྲོན་མེ་སྦར།། བསྟན་དང་འགྲོ་དོན་རྒྱ་ཆེ་རྒྱས་གྱུར་ནས།།

མགོན་པོ་ཚེ་དཔག་མེད་དང་པདྨ་འབྱུང་།། རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཐུགས་རྗེ་ཡིས།།
སྙིགས་དུས་བསྟན་པའི་སྒྲོན་མེ་བཤེས་གཉེན་མཆོག། གདན་ས་ཆེན་པོའི་ཁྲི་ལ་འཁོད་པ་དང་།།

ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

Menu