ཛཾ་བྷ་ལའི་སྒྲུབ་ཐབས་ནི།

བཀླགས་གྲངས། 93

རང་ཉིད་སྐད་ཅིག་དཔལ་ལྡན་ཛཾ་བྷ་ལ། །གསེར་མདོག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཕྱག་གཡས་ཤིང་ཐོག་བི་ཛ་པཱུར་ར་ཀ །གཡོན་པས་རིན་ཆེན་གཏེར་གྱི་ནེའུ་ལེ་འཛིན། ཕྱེད་དཀྱིལ་པདྨ་ཟླ་བའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ལ་སྔགས་ཀྱིས་བསྐོར། །ན་མོ་རདྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ།

གང་ཐོས་ནས་ཚེ་རབས་ཐམས་ཅད་དུ་དབུལ་བ་དང་རྒུད་པའི་སྐལ་བ་རྒྱུན་ཆད་དེ་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པར་བྱེད་པ། མཐར་ཐུགས་སངས་རྒྱས་ཀྱི་གོ་འཕང་སྦྱིན་ཅིང་མཆོག་ཐམས་ཅད་འདོད་པ་བཞིན་དུ་སྩོལ་བའི་གསང་སྔགས་ཁྱད་པར་ཅན་སྔགས་ཀྱི་མགོན་པོ་དང་བཅས་པ་ཅི་ནུས་སུ་བཟླ་ཞིང་། སྙིང་པོ་འབྲུ་བཅུ་པ་ཉིད་གཙོ་བོར་བཟླའོ། ཐུན་མཚམས་མཎྚལ་སོགས་ཀྱིས་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། རྗེས་མི་དམིགས་པར་བསམས་ནས་དགེ་བསྔོ་ཤིས་བརྗོད་བྱའོ། ཞེས་པའང་མི་ཕམ་པས་སོ།

Menu