བསྔོ་སྨོན།
བདག་སོགས་དེང་ནས་འགྲོ་བ་ཇི་སྲི ད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོ ངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེ ལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱ ས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་ མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་ གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱ ས་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟ ན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་ བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱ ལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱ ས་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་ པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ དེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློ བ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ ། །དུས་གསུམ་གཤེགས་པའི་རྒྱལ་བ་ ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་ དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་ བར་བགྱི། ། སྨོན་ལམ་ཁྱད་པར་བ་ནི། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་ དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་ པར་ཤོག ། སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུ ར་ནས། ། ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོ ད་པར་ཤོག ། དེ་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་ ། ། ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ ཤོག ། ཆོས་རྟོགས་ནས་ནི་སྙིང་པོའི་དོན་ བསྒྲུབས་ཏེ། ། ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་ བར་ཤོག ། སྲིད་པར་དམ་པའི་ཆོས་རབ་སྟོན་བྱེ ད་ཅིང་། ། གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་ པར་ཤོག ། རླབས་ཆེན་གཞན་དོན་ཕྱོགས་རིས་མེ ད་པ་ཡིས། ། ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་ པར་ཤོག །