འཕྲིན་སྦྱོར།

དོན་ལྡན་གླིང་བོད་མིར་ངལ་སེལ་རོགས་སྐྱོར།

གྲུབ་དབང་རྫོགས་ཆེན་དགོན་དང་དགོན་པའི་མཁན་པོ་བཅས་ཀྱིས་རྒྱ་གར་ལྷོ་ཕྱོགས་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་རིགས་ཉམས་ཐག་ཚོར། སྐྱིད་སྡུག་མཉམ་མྱོང་ཡོད་པ་མཚོན་ཆེད་འཚོ་སྣོན་བགོ་འགྲེམ་གནང་ཡོད་པ་རེད་འདུག 
 དེ་ཡང་ད་སྐབས་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་གོ་ལ་ཧྲིལ་བོར་དཀའ་ངལ་འཕར་མ་སྤྲད་དང་འཕྲད་བཞིན་པ་ལྟར་རྒྱ་གར་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱའི་འོག་ཡོད་པའི་སྐབས་འདིར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་གཞིས་ཆགས་ཀྱི་ཁྱབ་ཁོངས་སུ་དཀའ་སེལ་རོགས་རམ་རྒྱ་གང་ཆེ་སྤེལ་འདུག

དེ་ཡང་སྤྱི་ཟླ་ ༥ པའི་ཚེས་ ༡༡ རེའི་གཟའ་ཟླ་བ་ཉིན་སྔ་འགྱུར་རྙིང་མའི་སྤྱི་འཐུས་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་སྒེར་ངོས་ནས་དགོན་པའི་ལྷ་འབངས་སུ་ཆགས་པའི་ཉམ་ཐག་ཨང་ཐོབ་ཅན་མི་གྲངས་༢༩ དང་གཞན་རྒན་རབས་པ་སོགས་ཨང་ཐོབ་ ༢ པའི་སྡེ་ཚན་ཁོངས་མི་གྲངས་༢༤ བཅས་བསྡོམས་མི་གྲངས་ (༥༣ )ལ་འཚོ་སྣོན་དུ་མི་རེར་སྒོར་ ༢,༠༥༣ གྱི་རིན་འབབ་བསྡོམས་སྒོར། ༡༠༨,༨༠༩ ལྷག་རི་བའི་ཟས་རིགས་འཚོ་སྣོན་དུ་གནང་། སྐབས་དེར་དོན་ལྡན་གླིང་སྤྱི་མི་དང་དགོན་པའི་དགེ་བསྐོས་བཅས་མཉམ་ཕེབས་ཀྱིས་བགོ་འགྲེམ་རོགས་རམ་གནང་འདུག
 
སྐབས་དེར་”ཁོང་གིས་དཀའ་ངལ་གྱི་སྐབས་སུ་སྐྱིད་སྡུག་མཉམ་མྱོང་ཡོད་པ་མཚོན་ཆེད་དུ་ཚང་མ་ཧ་རུབ་སྦ་རུབ་ཀྱིས་ནད་ཡམས་ཀྱི་དཀའ་ངལ་མ་སེལ་བར་རོགས་ཕན་ཡོང་ཐབས་ལ་འབད་འབུངས་བྱེད་དགོས་ཞེས”གསུངས་སོང་།
            དེ་བཞིན་ཉེ་སྔོན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ནད་ཡམས་སྔོན་འགོག་དང་། ངལ་སེལ་ཛ་དྲག་ཚོགས་ཆུང་ལ་འདི་ག་གྲུབ་དབང་༧ རྒྱལ་བ་རྫོགས་ཆེན་དགོན་པ་ནས་ཧིན་སྒོར་ཆིག་འབུམ་ ༡༠༠,༠༠༠ ཞལ་འདེབས་སུ་འབུལ་ཐུབ་པ་བྱུང་འདུག
 
Menu