དགོན་པའི་འཛིན་སྐྱོང་དང་འགན་འཛིན་བརྗེ་ལེན།

  གྲུབ་དབང་རྫོགས་ཆེན་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པའི་སྐབས་འབྲེལ་ཡོད་དགོན་པའི་འགན་ཡོད་བླ་སྤྲུལ་རྣམས་གྲོས་བསྡུར་ཐག་གཅོད་བྱུང་བ་བཞིན་ ༢༠༡༣ ཟླ་ ༡ ཚེས་ ༡ ཉིན་འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་སྤྱི་ཁྱབ་འཛིན་སྐྱོང་དང་འགན་འཛིན་བརྗེ་ལེན་གྱི་རྩིས་ལེན་རྩིས་སྤྲོད་བྱས་ཡོད་པ་རེད།

   དེ་ཡང་དགོན་པའི་སྒྲིག་སྲོལ་ལྟར་གྲུབ་དབང་རྫོགས་པའི་བསྟན་བདག་རྫོགས་ཆེན་ཡིད་བཞིན་ནོར་བུའི་དབུ་ཁྲིད་འོག རྫོགས་ཆེན་དགེ་མང་རིན་པོ་ཆེ་མཆོག་ནས་དགོན་པའི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་གྱི་གཙོ་འགན་བཞེས་རྒྱུ་དང་། རྫོགས་ཆེན་ཀོང་སྤྲུལ་དང་། གཡག་ཟེ་སྤྲུལ་སྐུ་ཕྲིན་ལས་དབང་ཕྱུག་དང་། ཆུ་དམར་མཁན་པོ་ཀུན་དགའ་བཀྲ་ཤིས་དང་། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ་དང་། མཁན་པོ་འཇམ་དཔལ་བསྟན་འཛིན་བཅས་དགོན་པའི་སྤྱི་ཁྱབ་འཛིན་སྐྱོང་ཚོགས་མིར་བསྐོ་བཞགས་བྱས་ཡོད་པ་དང་། ཚོགས་མི་རྣམས་ཀྱིས་རིམ་པ་ལྟར་ལོ་གཉིས་རེར་དགོན་པའི་སྤྱི་ཁྱབ་འཛིན་སྐྱོང་ཐོག་འགན་ཁུར་གནང་རྒྱུ་ཐག་གཅོད་བྱུང་བ་བཞིན་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡ ཉིན་རྩིས་ལེན་རྩིས་སྤྲོད་བྱས་ཡོད་པ་རེད། 
གོང་འཁོད་དགོན་པའི་འཛིན་སྐྱོང་སྤྱི་དང་བྱེ་བྲག་དགོན་པའི་ཡན་ལག་སྡེ་ཚན་བཤད་གྲྭ་དང་། གྲྭ་ཚང་། སྒྲུབ་གྲྭ སློབ་གྲྭ་བཅས་ཀྱི་འགན་འཛིན་ཡང་ཉིན་མོ་དེར་བརྗེ་ལེན་གྱི་ལས་བྱེད་འཕོ་འགྱུར་བྱུང་ཡོད་པ་རེད།
༡ བཤད་གྲྭ་ཤྲཱི་སེང་གི་འགན་འཛིན་སྡེ་ཚན།
ཤྲཱི་སེང་བཤད་གྲཱའི་མཁན་པོ་པདྨ་བློ་གྲོས་དང་། མཁན་པོ་བརྩོན་འགྲུས། མཁན་པོ་གྲགས་པ་ཡེ་ཤེས། མཁན་པོ་འཇིགས་མེད་ལྷུན་གྲུབ་བཅས་བསྐོ་བཞག་གིས་ ༢༠༡༣ ནས་བཟུང་ལོ་གཉིས་རེར་བཤད་གྲཱའི་མཁན་པོའི་འགན་ཁུར་བྱ་རྒྱུ་ཡིན་པ་རེད།
༢ གྲྭ་ཚང་གི་འགན་འཛིན་སྡེ་ཚན།
དགོན་པའི་གྲྭ་ཚང་གི་འགན་འཛིན་དང་རྡོ་རྗེ་སློབ་དཔོན་ནི་སྤྲུལ་སྐུ་བསོད་དགའ་དང་། སྤྲུལ་པདྨ་བཀྲ་ཤིས། སྤྲུལ་མདོ་སྔགས་བཅས་བསྐོ་བཞག་བྱས་ཡོད་པ་དང་། ཁོང་རྣམས་ཀྱིས་གྲྭ་ཚང་གི་འགན་འཛིན་དང་རྡོ་རྗེ་སློབ་དཔོན་ལོ་གསུམ་རེ་གནང་རྒྱུའི་ཐག་གཅོད་བྱུང་།
༣ སློབ་གྲཱའི་འགན་འཛིན་སྡེ་ཚན།
དགོན་པའི་སློབ་གྲྭའི་འགན་འཛིན་སྡེ་ཚན་ནང་ཀརྨ་ཤེས་རབས་དང་། བློ་བཟང་བཀྲ་ཤིས་གཉིས་གཏན་ཁེལ་བྱུང་ཡོད་པ་དང་། ཁོང་གཉིས་ཀྱི་སློབ་གྲྭའི་ཤེས་ཡོན་དང་སློབ་གཉེར་བཅས་ཀྱི་ཐད་འགན་ཁུར་བྱ་རྒྱུ་བཅས་དགོན་པའི་གནས་ཚུལ་མདོར་བསྡུས་སུ།

 

 

 

Menu