དགེ་སློང་ནམ་མཁའི་སྙིང་པོ།
རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང༌། རྟེན་དགེ་སློང༌། སློབ་དཔོན་ཆེན་པོས་དབང་བསྐུར་དུ ས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་ གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེ ར་ལས་གཤེགས་བཞུད་མཛད། ལོ་ཙཱ་ལེགས་པར་སྦྱངས་ནས་རྒྱ་གར་ ལ་བྱོན། སློབ་དཔོན་ཧཱུྃ་ཀ་ར་སོགས་པཎ་གྲུ བ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོ ད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས། རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོ ར། བྲག་དམར་ཞེས་བྱ་བའི་ཕུག་པར་བཞུ གས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ ཡོད་པ་དེ། ཞིང་ལ་འདེབས་རྒྱུའི་ས་བོན་མེད་ དེ། སློབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ ན། ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ ལས་འོང༌། འོན་ཀྱང་འདི་གཏོར་ལ་སོ་ནམས་བྱེ ད་པ་བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་རྡེའུ་ཕད་བུ ་གང་གནང་བ་དེ། གཅུང་པོས་ཀྱང་བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་ སྐྱེས། ཡང་ལན་གཅིག་གནས་དེ་ནས། གཉལ་སྨད་ཀྱི་དགེ་རིའི་རྩེར་ནམ་ མཁའ་ལ་འཕུར་ནས་བྱོན་པ་ན། ལམ་དུ་ཕྱག་ཕྲེང་ཟག་པ། ཉང་སྨད་མཁར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་འཕྲུལ་གྱི་ཕྱག་ བརྐྱངས་ནས་བླངས་པས།ས་ལ་ཕྱག་སོར་ ལྔའི་རྗེས་བྱུང་བར་མེ་ཏོག་ལྔ་སྐྱེ ས། དེ་ལ་མཁའ་འགྲོ་སྡེ་ལྔ་དང༌། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེ ན་ལྔ་བཞེངས་པ་ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་ སྐབས། དགྱེ་རིའི་འདབ་དེས་སྤེ་དྲིལ་གྱི ་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོ གས་ཁྱེར་ནས་རི་བལྟས་ལ་ཕྱིན་པ་ན། དགེ་སློང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཁར་བྱིན་རླབས་ཡིན་གསུངས་ ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་ གནང་བས། ཕལ་ཆེར་གྱིས་ཕོས། གཅིག་གིས་མདའ་དོང་དུ་བླུགས་ནས་ འོངས། ཕྱིས་མདའ་བཏོན་པ་ན་གཡུ་ཐོན། སྔར་སློབ་དཔོན་གྱིས་རྡེའུ་གནང་ བ་དེ་དངོས་གྲུབ་ཡིན་པར་ཤེས་ནས། གཞན་ཚོ་ལ་བཤད་པས། རྡེའུ་ཕོས་པར་འགྱོད་ནས། སླར་སློབ་དཔོན་ལ་དངོས་གྲུབ་ཞུ་ བར་ཕྱིན་པས། ཕུག་པའི་ནང་ན་སློབ་དཔོན་ནི་མེད་ པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ་ཐོད་པ་དྲུ ག་དམར། རྩད་པོ་བརྒྱད་དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་ འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ཏུ། སློབ་དཔོན་ལ་ནང་རེ་བཞིན་བུད་མེ ད་ཞིག་གིས་ཞོ་རྫིའུ་རེ་ཕུལ་བས་ སྐབས་ཤིག་སློབ་དཔོན་གྱིས་ཞོ་སྣོ ད་རྡེ་འུས་བཀང་ནས་གནང་བས་མོས་ཀྱ ང་དངོས་གྲུབ་ཡིན་པར་ཤེས་ནས་ཁྱི མ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟ ས་པ་རྡེའུ་ཐམས་ཅད་གཡུ་རུ་སོང་ འདུག་ཟེར་བའང་སྣང༌། ལྷོ་བྲག་མཁར་ཆུར་དཔལ་གྱི་ཕུག་རི ང་ལ་སོགས་པར་སྒྲུབ་པ་མཛད་པས་ཡི་ དམ་མང་པོའི་ཞལ་གཟིགས་ཤིང༌། ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེ ས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེ གས། འདིའི་རྣམ་འཕྲུལ་མང་པོ་བྱང་ཆུབ་ གླིང་པ་དཔལ་གྱི་རྒྱལ་མཚན་དང༌། ཕྱིས་སུ་རིག་འཛིན་ཚེ་དབང་ནོར་བུ ་སོགས་གཏེར་སྟོན་ཅི་རིགས་པར་བྱོ ན། གསང་ཡུམ་མཁའ་སྤྱོད་གྲུབ་པ་ཤེལ་ དཀར་རྡོ་རྗེ་མཚོའི་རྣམ་ཐར་རྒྱས་ པ་པདྨ་གླིང་པའི་བླ་མ་ནོར་བུ་རྒྱ ་མཚོར་གསལ།
རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་ འཛིན་ནས་བཏུས།