གྲུབ་དབང་རྫོགས་ཆེན་པའི་ལོ་གཅིག་གི་ལས་རིམ་གལ་ཆེ་ཁག

 བོད་ཟླ ༠༡ ཚེས་༠༡་ཉིན་རབ་གནས་ཆུ་ཕོ་འབྲུག་ལོའི་ལོ་གསར། བོད་ཟླ ༠༡ ཚེས་ ༠༥་ནས་སིདྡྷི་དུང་སྒྲུབ་དབུ་འཛུག བོད་ཟླ་གཉིས་པའི་ཚེས་ ༡༥ ནས་ཤྲཱི་སེང་བཤད་གྲྭ་སླར་དབུ་འཛུག་གནང་རྒྱུ། བོད་ཟླ ༠༤ ཚེས ༠༧ ནས་༡༥ པར་སྨྱུང་གནས་འཚོགས་རྒྱུ། བོད་ཟླ ༠༥་ཚེས་ ༡༥་ཉིན་འཛམ་གླིང་སྤྱི་བསང་གཏོང་རྒྱུ། བོད་ཟླ ༠༥་ཚེས་ ༡༨ ཉིན་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་རོལ་རྒྱུ།

བོད་ཟླ ༠༥ ཚེས་ ༢༩ ཉིན་སྔ་འགྱུར་བསྟན་པའི་ཉི་མ་འཇམ་མགོན་མི་ཕམ་པ་སྐུ་མྱ་ངན་ལས་འདས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་འབྲེལ་འདས་མཆོད་འཚོགས་རྒྱུ། བོད་ཟླ ༠༦་ཚེས་ ༠༡་ཉིན་འཛམ་གླིང་སྤྱི་འགྲོས་ལྟར་ཤྲཱི་སེང་བཤད་གྲྭའི་ལོ་ཕྱེད་ཡིག་རྒྱུགས་ལེན་རྒྱུ། བོད་ཟླ ༠༦ པའི་ཚེས ༠༥ནས་༡༠ པར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་གུ་རུའི་ཚོགས་འབུམ། བོད་ཟླ ༠༦་པའི་ཚེས ༡༦ ནས་ཤྲཱི་སེང་བཤད་གྲྭའི་དབྱར་གནས་འཚོགས་རྒྱུ། བོད་ཟླ་ ༠༧་ཚེས་ ༢༩་ཉིན་དགག་དབྱེ་ལྗོངས་རྒྱུ། བོད་ཟླ ༠༩ ཚེས་ ༠༢་ཉིན་༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་བའི་དུས་དྲན། བོད་ཟླ་༠༩ ཚེས་ ༠༣་ཉིན་རིག་འཛིན་འཇིགས་མེད་གླིང་བའི་འདས་མཆོད། བོད་ཟླ ༠༩ ཚེས་ ༢༢ ཉིན་སྟོན་པ་ལྷ་བབ་དུས་ཆེན། བོད་ཟླ ༡༠ ཚེས་ ༡༠ ནས་ཤྲཱི་སེང་བཤད་གྲྭའི་རང་སྦྱོང་དབུ་འཛུག བོད་ཟླ་ ༡༠ ཚེས་༣༠ ཉིན་ལོ་འཁོར་རྒྱུགས་ཆེན་དབུ་འཛུགས་གནང་རྒྱུ། བོད་ཟླ ༡༠ ཚེས་ ༢༧ ཉིན༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་ཕུལ་བའི་དུས་དྲན། བོད་ཟླ ༡༡ ཚེས་ ༡༠ ཉིན་༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་འཁྲུངས་སྐར་དུས་དྲན་བྱེད་རྒྱུ། བོད་ཟླ ༡༡ པའི་ཚེས ༡༦ ཉིན་གྲུབ་དབང་རྫོགས་ཆེན་མཁན་སྤྲུལ་ལྷན་འཛོམས་ཐེངས་ ༠༣་པ་འཕགས་ཡུལ་རྫོགས་དགོན་དུ་འཚོགས་རྒྱུ། བོད་ཟླ ༡༢་ཚེས ༠༡་ནས་སྔ་འགྱུར་སྨོན་ལམ་ཆེན་མོར་ཚོགས་ཞུགས་གནང་རྒྱུ། བོད་ཟླ ༡༢་ཚེས་ ༡༨ ཉིན་ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་འཚོགས་རྒྱུ། བོད་ཟླ ༡༢ ཚེས་ ༢༣ ནས་ ༢༩ པར་དཔལ་ཆེན་འདུས་པའི་དགུ་གཏོར་འཚོགས་རྒྱུ།

Menu