གལ་ཆེའི་དུས་བརྡ།

གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་་་་་་མཆོག་གི་དྲུང་དེར།
                                      ཆེད་འབུལ།
   སྤྱི་ལོ་༢༠༡༡ལོར་འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་དུ་རྫོགས་ཆེན་རིན་པོ་ཆེ་དབུ་བཞུག་ཐོག་ཆོས་བརྒྱུད་དགོན་སྡེ་ཁག་ལྔ་བཅུ་ང་གསུམ་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་གྲོས་བསྡུར་གྲོས་ཆོད་བྱུང་བ་བཞིན།

སྤྱི་ལོ་༢༠༡༢ ཟླ ༡༢ པའི་ཚེས་ ༢༨་ལ་རྫོགས་ཆེན་དགོན་དུ་འདུ་འཛོམས་ཀྱིས་ཉིན་གསུམ་རིང་༸གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་བྱུང་རིམ་ལ་ཕྱི་མིག་བལྟས་ནས་ད་ལྟའི་གནས་སྟངས་དང་འབྱུང་འགྱུར་བཤད་སྒྲུབ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ལ་གྲོས་བསྡུར་བྱེད་རྒྱུ་གཏན་ཁེལ་བྱུང་བ་བཞིན་༧གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་མཁན་སློབ་བླ་སྤྲུལ་དང་། རྩོམ་པ་པོ། འབྲེལ་ཡོད་དགོན་སྡེ་ཁག་གི་སྐུ་ཚབ་སོགས་གནད་ཡོད་མི་སྣ་གང་མང་ཞིག་འཛོམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ན། སྐབས་དེར་སྐུ་ཉིད་ངེས་ཕེབས་ཡོང་བའི་སྔོན་བརྡ་དང་། རྣམ་པ་ཚོས་གང་མྱུར་གཤམ་གསལ་ཁ་བྱང་དུ་འབྲེལ་བ་གནང་སྐྱོང་ཡོང་བའི་འབོད་བསྐུལ་དུ།
གྲུབ་དབང་རྫོགས་ཆེན་དགོན་གྲལ་སྒྲིག་འགན་འཛིན་པས།
སྤྱི་ལོ་༢༠༡༠ ཟླ་ ༡༢ ཚེས་༡༩ ཉིན།
འབྲེལ་ཡུལ་ཁ་བྱང་། jamphal@gmail.com
jam.phal@yahoo.com
ཁ་པར་ཨང་གྲངས། +91 9986908589

Menu