ཉེ་ཆར་ཀོ་ལེ་གྷལ་དོན་ལྡན་གླིང་དུ་ཏོག་དབྱིབས་ནད་པ་ཐོག་མ་བྱུང་ཉིན་ནས་བཟུང་འདི་ནས་ཛ་དྲག་ཚོགས་ཆུང་ཚོགས་འདུ་འཚོགས་ནས་འབྱུང་འགྱུར་སྔར་ལྷག་སྔོན་འགོག་ཇི་ལྟར་གནང་དགོས་མིན་དང་།
ནད་ཡམས་ཕོག་ཟིན་པའི་ནད་པའི་གནས་སྟངས་སྐོར་ལ་གྲོས་བསྡུར་དང་ཐབས་འཚོལ་རིམ་པ་གང་དྲག་བྱས་འདུག
དེ་བཞིན་ཆེས་ཛ་དྲག་གི་གནས་སྐབས་འདིར་ནད་ཡམས་སྔོན་འགོགས་ཀྱི་ཐབས་ལམ་ཉག་ཅིག་ཡོད་པ་ནི་ཁ་རས་གོན་རྒྱུ་ལྟ་བུར་ཆགས་ཡོད་ཕྱིར། འདི་ནས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་ཐེ་ཝན་ནས་ཁ་རས་སྤུས་ལེགས་གྲངས་༢༨༠༠ ཙམ་ཐབས་འཚོལ་བྱས་ཡོད་པ་དེ་ཉིད་ཕྱི་ཟླ་༩ པའི་ཚེས་༢༩ ཉིན་འཕྲོད་བསྟེན་སྨན་ཁང་གཙོས། སྨན་རྩིས་ཁང་། གཞིས་མཉམ་གཉིས་དང་། བརྒྱ་དཔོན་ཉེར་གཉིས། སློབ་གྲྭ རང་ཚོགས། ས་འཐུས། དགོན་སྡེ་ཁག་གི་གྲྭ་བཙུན་ཡོངས་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་ཡོངས་ལ་བསྒོ་འགྲེམ་བྱས་ནས་མང་ཚོགས་ལ་དུས་ཀྱི་དགོས་མཁོ་ལྟར་ཕན་ཐོག་ཡོད་པའི་རེ་སྨོན་དང་བཅས།
བཀླགས་གྲངས། 375