པར་བྱང་སྨོན་ཚིག
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གླེག་བམ་ཁུར།།
ཡོང་བཀྲལ་པཎ་གྲུབ་བྱེ་བའི་གསུང་མཛོད་ཆོས།།
འཇིག་རྟེན་མ་ལུས་བདེ་བའི་སྨན་གཅིག་སུ།།
འཛད་མེད་ཆུ་གཏེར་རྣམ་བཞིའི་འཛུམ་རིས་དཀར།།
འདི་ལྟར་རྣམ་དཀར་པར་བསྐྲུན་བྱས་པའི་དགེས།།
མ་ལུས་སྐྱེ་དགུའི་གདུང་བ་ཡོངས་སུ་སེལ།།
བསྟན་འཛིན་ཞབས་བརྟན་རྒྱལ་བསྟན་ཕྱོགས་སུ་རྒྱས།།
བཀྲ་ཤིས་སྣང་བས་ཕྱོགས་ཀུན་མཛེས་གྱུར་ཅིག།
ཅེས་པ་འདི་ཡང་རྫོགས་སྤྲུལ་བདུན་པའི་མིང་འཛིན་པ་འཇིགས་མེད་བློ་གསལ་དབང་པོའམ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནས། བོད་རབ་གནས་ལྕགས་ཕོ་སྟག་ལོའི་བོད་ཟླ་༡༠ཚེས་༡༠ཉིན་པར་བྱང་སྨོན་ཚིག་ཏུ་བསྐུལ་གནང་བཞིན་མྱུར་སྟབས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།།།