ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

དཔེ་མཛོད།

དཔེ་མཛོད།

དཀོན་མཆོག་སྤྱི་འདུས།

                                                                                       

ཚིག་བདུན་གསོལ་འདེབས།

ཧཱུྃ༔   ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་སྐོར༔ ཁྱེད་ཀྱིི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔

Read more...

སྔ་འགྱུར་བསྟན་རྒྱས་སྨོན་ལམ་སོགས་བཞུགས།

Dzogchen 19

དཀར་ཆག
༡ སྔ་འགྱུར་བསྟན་རྒྱས་སྨོན་ལམ། ༢ རྫོགས་ཆེན་བསྟན་རྒྱས་སྨོན་ལམ། ༣ རྫོགས་ཆེན་ཞབས་བརྟན་གསོལ་འདེབས། ༤ གནས་བསྟན་ཕྱག་མཆོད། ༥ སྦྱིན་པའི་ཚིགས་བཅད་སོགས་བཞུགས།

སྒྲོལ་མ་བསྡུས་པ་ཁག

    ན་མོ་ཨྰརྱ་ཏྰ་རེ་ཡེ།ཨོཾ་བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ།།ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔལ་མོ།།

 

ཏུཏྟཱ་རེ་ཡིས་འཇིགས་ཀུན་སེལ་མ།།ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ།།སྭཱ་ཧཱ་ཡི་གེ་བཅུ་ལ་རབ་འདུད།།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།

འདི་ནི་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཉེ་ཐང་ངོར་བཞུགས་པའི་ཚེ།  ལེགས་པའི་ཤེས་རབ་གློ་བུར་དུ་བསྙུང་བ་ལ།  འབྲོམ་སྟོན་པས་པྲ་ཕབས་པར་དུས་གཅིག་ལ་སྒྲོལ་མ་ཁྲི་ཚར་བཏོན་ན་ནད་ལས་གྲོལ་ཞེས་བྱུང་བ་ན།ཇོ་བོས་སྒྲོལ་མར་གསོལ་བ་བཏབ་པས།  སྒྲོལ་མས་འདི་གསུངས་པས་དགེ་མཚན་མངོན་སུམ་དུ་བྱུང་།  བྱིན་རླབས་ཆེ་ཞིང་མྱུར་བས།  འདི་ཚར་རེ་བརྗོད་ན་སྒྲོལ་མ་ཚར་རེ་བཏོན་པ་དང་མཉམ་པར་གསུངས་སོ།

   

    ༄༅།།ཨོཾ་འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ།།བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ།།ངན་སོང་སྒོ་བཀག་མ་ལ་ཕྱག་འཚལ་ལོ།།མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ།།རྟག་ཏུ་ཁྱོད་ཀྱིས་སྟོངས་པར་མཛོད།།ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ།།ཞེས་པ་འདི་ནི་ཇོ་བོ་གསེར་གླིང་དུ་བྱོན་དུས་གསུངས་སོ།།

                                             

ཤར་མི་ཉག་། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

བྱམས་སྨོན་སྤྱོད་འཇུག་སོགས་སྨོན་ལམ་སྐོར་བཞུགས།

Dzogchen 18

དཀར་ཆག
༡ རྡོ་རྗེ་རྒྱ་མདུད། ༢ མར་མེ་སྨོན་ལམ། ༣ མངོན་རྟོགས་ཡིད་བཞིན་ནོར་བུ། ༤ ཕུང་པོ་གསུམ་པའི་མདོ། ༥ ལྟུང་བ་སྤྱི་བཤགས་སོགས་སྨོན་ལམ་༡༡ བཞུགས།

འཕགས་མ་སྒྲོལ་མ་ལ་བསྟོད་པ་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པའི་རིམ་པ་ནི།


༄༅། རྒྱ་གར་སྐད་དུ། །ཨཱརྱ་ཏཱ་རེ་སྟོཏྟྲ། བོད་སྐད་དུ། །འཕགས་མ་སྒྲོལ་མ་ལ་བསྟོད་པ།

ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།


ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་གཅིག་གློག་དང་འདྲ་མ། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཟལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ།

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱན་ནི་བརྩེགས་པའི་ཞལ་མ། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ།

ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམས་པར་བརྒྱན་མ། སྦྱིན་པ་བརྩུན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་བསྟན་སྤྱོད་ཡུལ་ཉིད་མ།

ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཐུ་བསྟེན་མ།

ཕྱག་འཚལ་ཏུཏྟཱ་པ་ཧཱུཾ་ཡི་གེ། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ།

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། འབྱུང་པ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མདུན་ནས་བསྟོད་མ།

ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱི། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའོ་རྣམ་པར་འཇོམས་མ། ཆུ་སྐྱེས་ཞལ་ནི་ཁྲོག་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ།

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི༑ ༑རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ།

ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། བཟད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ།

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།

ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ།

ཕྱག་འཚལ་བསྐལ་མ་ཐ་མ་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། གཡས་བརྐྱང་གཡོན་བསྐུམ་ཀུན་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།

ཕྱག་འཚལ་ས་གཞི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཟབས་ཀྱིས་བརྡུང་མ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ།

ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། ཡི་གེ་བཅུ་པའི་ངག་ནི་བཀོད་པའི། རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ།

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། རི་རབ་མནྡྷར་དང་འབིགས་བྱེད། འཇིག་རྟེན་གསུམ་རྣམས་གཡོ་བའི་ཉིད་མ།

ཕྱག་འཚལ་ལྷ་ཡི་འཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ།

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ།

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། གདོན་དང་རོ་ལོངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།

རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ལྷ་མོ་ལ་གུས་ཡང་དང་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ།

སྲོད་དང་ཐོ་རངས་ལངས་པར་བྱས་ནས། དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།

རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྒུར་བར་འགྱུར་ལ། འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།

དེ་ཡི་དུས་ནི་དྲག་པོ་ཆེན་པོ། །བསྟེན་གནས་པའམ་གཞན་ཡང་འགྲོ་བ། ཟོས་པ་དང་ནི་ཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ།

གདོན་དང་རིམས་དང་དུག་གིས་གཟིར་པའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། སེམས་ཅན་གཞན་ལ་རྣམས་ལ་ཡར་ངོ། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན།

བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག།།

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

ཆ་གསུམ་དང་དགེ་ཚུལ་ཕྱིར་བཅོས་སོགས་བཞུགས།

Dzogchen 17

དཀར་ཆག
༡ གཏོར་མ་ཆ་གསུམ། ༢ རྒྱུན་ཆགས་གསུམ་པ། ༣ དགེ་ཚུལ་གྱི་ཕྱིར་བཅོས། ༤ དགེ་ཚུལ་གསོ་སྦྱོང་། ༥ ཁྱད་པར་འཕགས་བསྟོད། ༦ ལྷ་ལས་ཕུལ་བྱུང་། ༧ པར་བྱང་སྨོན་ཚིག

རྡོ་རྗེ་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད།

Dzogchen 20

དཀར་ཆག
སྔོན་གླེང་། རྩོམ་སྒྲིག་ཁང་། འགྱུར་སྔགས། བཀྲ་ཤིས་བརྒྱད་པ། མཆོད་རྫས་བྱིན་རླབས། བྱང་སྡོམས་ལེན་ཆོག དབང་སྡུད་གསོལ་འདེབས། གུ་རུའི་གསོལ་འདེབས་རྟེན་བསྐྱེད། གསོལ་འདེབས་བསམ་པ་ལྷུན་འགྲུབ། བསམ་པ་མྱུར་གྲུབ་མ། བར་ཆད་ལམ་སེལ། 

Read more...

ཚེ་མདོ་དང་རྟ་ཕྱག་ཁྱོང་གསུམ་སོགས་བཞུགས།

Dzogchen 16

དཀར་ཆག
༡ སྔོན་གླེང་། ༢ རྩོམ་སྒྲིག་ཁང་། ༣ ཚེས་མདོ། ༤ རྟ་ཕྱག་ཁྱུང་གསུམ། ༥ རྒྱལ་ཆེན་ཐོ་འཛུག ༦ པར་བྱང་སྨོན་ཚིག

རྫོགས་ཆེན་ཡིད་བཞིན་ནོར་བུའི་ཞབས་བརྟན།

dzogchen 20

རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་བདུན་པ་འཇིགས་མེད་བློ་གསལ་དབང་པོ་མཆོག་ལ་བོད་ཕྱི་ནང་གི་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ཀྱིས་བརྩམས་པའི་ཞབས་བརྟན་གསོལ་འདེབས་ཁག་ཉེར་གཅིག་བཞུགས་སོ།།

གསུར་དང་ཆུ་གཏོར་འཆི་བླུ་སོགས་བཞུགས།

Dzogchen 15

དཀར་ཆག

༡ གླུད་གཏོར། ༢ འཆི་བསླུ། ༣ གསུར་བསྔོ། ༤ གསུར་མཆོད་བསྡུས་པ། ༥ དཀར་གསུར་དམར་གསུར། ༦ དམར་མཆོད་ཀྱི་དོད་སོགས་ཆོས་ཚན་༡༧བཞུགས།