ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་མཁན་པོ་ཕྱོགས་བསྐྱོད།

རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྫོགས་ཆེན་དགོན་གཞུང་འབྲེལ་དུ་ཕྱོགས་བསྐྱོད་ཕེབས་འདུག དེ་ཡང་བོད་ཟླ་ ༠༡་ཚེས་༠༥ ཉིན་རྫོགས་ཆེན་རིན་པོ་ཆེ་དང་མཉམ་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་༡༢་ཙམ་འབྲས་ལྗོངས་ལ་མཉམ་འཛོམས་ཀྱིས་དགོན་དོན་ལ་གྲོས་བསྡུར་དང་། ཁྱད་པར་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེར་སྙིང་ཐིག་དུམ་གཉིས་གསུང་བསྐུལ་ཞུས།

གོང་ཟླའི་བོད་ཚེས་༠༦་ཉིན་སླར་གྲུབ་དབང་རྫོགས་ཆེན་དགོན་པའི་སྐུ་ཚབ་དུ་མཁན་པོ་ཁོང་དང་གཡག་ཟེ་སྤྲུལ་སྐུ་རྣམ་གཉིས་འབྲུག་སྤ་གྲོའི་གདུང་སྲས་འཕྲིན་ལས་ནོར་བུའི་སྐུ་གདུང་ཞུགས་འབུལ་མཆོད་འབུལ་དུ་ཆེད་བསྐྱོད་གནང་ཡོད། དེ་བཞིན་གོང་ཟླའི་བོད་ཚེས་ ༡༢ ཉིན་སུམ་ལར་གཏན་བཞུགས་རྡོ་རྗེ་བྲག་དགོན་དུ་རྫོེགས་ཆེན་རིན་པོ་ཆེའི་སྐུ་ཚབ་དུ་ཆེད་བསྐྱོད་ཀྱིས་སྔ་འགྱུར་རྙིང་མའི་བླ་ཆེན་ཚོེ་དང་མཉམ་དུ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེར་སྔ་འགྱུར་རྙིང་མའི་དབུ་འཛིན་དུ་གསོལ་འདེབས་ཞུས་དོན་བཞིན་ཞལ་བཞེས་གནང་ཡོད། དེ་བཞིན་གོང་ཟླའི་ཚེས་ ༡༨་ཉིན་སླར་རྫོགས་དགོན་གྱིས་གུ་རུ་བདེ་བ་ཆེན་པོའི་སྐུ་བཞེངས་སར་བལ་ཡུལ་ཆེད་ཕེབས་ཀྱིས་སྐུ་བཞེངས་པ་དང་གཞན་ཆོས་རྒྱུད་འཛིན་པའི་དགོན་པ་འགར་ལྟ་སྐོར་ལའང་ཕེབས་ཡོད། བོད་ཟླ ༠༢ ཚེས་ ༡༨ ཉིན་སླར་རྫོགས་དགོན་ལ་ཕེབས་ནས་བཤད་གྲྭ་སླར་འཛུགས་ཀྱིས་དཔེ་ཁྲིད་གསུང་བཞིན་པའོ།