ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

དཔེ་མཛོད།

དཀོན་མཆོག་སྤྱི་འདུས།

                                                                                       

ཚིག་བདུན་གསོལ་འདེབས།

ཧཱུྃ༔   ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་སྐོར༔ ཁྱེད་ཀྱིི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔

སྐྱེ་བརྒྱུད་གསོལ་འདེབས།༄༅།     །དུས་གསུམ་སྐྱེ་འགགས་མེད་པར་ཆོས་ཉིད་ཀྱང་། །སེམས་ཅན་ཁམས་ལ་གཟུགས་སྐུ་རྣམ་གཉིས་སུ། སྣང་བའི་ངོ་འཚར་བདེ་གཤེགས་གཙུག་ཏོར་ཅན། །མཚན་གྱིས་ངན་སོང་སྒྲོལ་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཀུ་ཀུ་རི། །འཕོ་ཆེན་རྡོ་རྗེའི་ས་བརྙེས་བི་མ་ལ། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ས་ར་ཧ། །བསྟན་པའི་ཆུ་འགོ་གསུམ་ལ་གསོལ་བ་འདེབས། །ལྷ་སྲིན་བྲན་ཁལ་རླངས་དཔལ་ཤྲཱི་སེང་། །འཁྲུལ་སྣང་བྲག་རི་སྙིལ་བ་དཀོན་མཆོག་འབྱུང་། །རྒྱལ་བསྟན་ཉི་མོར་བྱེད་པའི་ཁྲི་རལ་ཞབས། །བསྟན་པའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །གཏི་མུག་ལམ་སློང་གྲུབ་ཆེན་ཕག་ཚང་པ། །མི་ལ་བཞད་པའི་སྲས་གྱུར་བྱུང་ཆུབ་རྒྱལ། །དྲུག་པ་སེང་གེའི་སྒྱུ་འཕྲུལ་དུས་གསུམ་མཁྱེན། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་བ་འདེབས། །རྟོགས་པའིི་བདག་རྒྱུད་གྲོལ་བ་གླིང་རས་རྗེ། །བླ་མར་མུ་གུས་མཐར་ཕྱིན་སྟག་ལུང་པ། །བརྟུལ་ཞུགས་གྲུབ་པ་ཨོ་རྒྱན་རང་བྱུང་དཔལ། བསྒྲུབ་བརྒྱུད་བསྟན་འཛིན་གསུམ་ལ་གསོལ་བ་འདེབས། །གཞི་གསུམ་རྩ་བ་བརྟན་པའི་བློ་གྲོས་བཟང་། །རྙིང་བསྟན་མདོ་སྨད་སྤེལ་ལ་སྨོན་ལམ་གྱི། །མཐུ་གྲུབ་པདྨའི་རིག་པ་འཛིན་པ་དང་། །འགྱུར་མེད་ཐེག་མཆོག་ཞེས་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་པའི་རྩ་བ་མདོ་རྒྱུད་སེམས། །ཡང་ཕུར་སངས་རྒྱས་མཉམ་པར་སྦྱོར་ལ་སོགས། །བཀའ་མའི་སྒྲུབ་ཆེན་ཕྲིན་ལས་སྲོལ་བཏོད་པ། །ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས། །དམ་པ་དུ་མའི་ཞབས་པད་གཙུག་ཏུ་ཁུར། །སངས་རྒྱས་བསྟན་ལ་ལྷག་བསམ་ཟླ་ལྟར་དཀར། །གསང་སྔགས་རྫོགས་པ་ཆེན་པོའི་དོན་ལ་སྤྱོད། །འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་གསོལ་བ

་འདེབས། །དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ནས། །བརྩེ་བའི་སྙིང་རྗེའི་འོད་སྟོང་འབར་བའི་གཟིས། །འགྲོ་རྣམས་མུན་པའི་སྨག་རུམ་སེལ་མཛད་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་གསོལ་བ་འདེབས། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་། །འཕོ་ཆེན་སྐུ་བརྙེས་དྲི་མེད་བཤེས་གཉེན་ཞབས། །དབྱེར་མེད་རིགས་བརྒྱའི་ཁྱབ་བདག་སྤྲུལ་པའི་སྐུ། །འཇིགས་བྲལ་བྱང་ཆུབ་རྡོ་རྗེ་གསོལ་བ་འདེབས། །ངེས་འབྱུང་རྒྱུད་བརླན་བྱང་ཆུབ་ཤེམས་གཉིས

་ཀྱི། །ཤིང་རྟས་དྲངས་པའི་སྨིན་གྲོལ་ལམ་མཆོག་ལ། །རྟག་ཏུ་བརྟན་གོམས་བགྱིས་པས་དངོས་གྲུབ་ཀུན། །ཚེ་འདི་ཉིད་ཐོབ་པར་བྱིན་གྱིས་རློབས། །ཅེས་པའང་མདོ་ཁམས་དགེ་རྩེ་བླ་མས་བསྐུལ་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།།   དགེའོ།།

སྤྱི་འགྲོའི་གསོལ་འདེབས།

༄༅། ཨོཾ་ཨཱཿ ཧཱུྃ།   སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །རྒྱལ་ཀུན་དབང་ཕྱུག་ཨུ་རྒྱན་རིན་པོ་ཆེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་གསོལ། །ཆི་མེད་ཚེ་དབང་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུཾ་ཎི་ཛཿ ཞེས་དང་། བརྟན་བཞུགས་སློབ་མ་དམ་གཙང་རྣམས་ཀྱི་རྩ་བའི་བླ་མ་དང་ཨུ་རྒྱན་ཚེ་དཔག་མེད་དབྱེར་མེད་ཀྱི་མོས་གུས་དང་ལྡན་པའི་ངང་ནས་ཞབས་སྲིད་བརྟན་པར་གསོལ་བ་འདེབས་པ་ནི།

ཧྲཱི༔ སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་། །གདོད་ནས་འཆི་མེད་དག་པའི་དཀྱིལ་འཁོར་དབུས། །དཔལ་ལྡན་བླ་མ་ཨོ་རྒྱན་ཚེ་དཔག་མེད། །ནམ་ཡང་མི་འབྲལ་གསལ་བར་ཞབས་རྟན་ཞིང་། །སྐུ་ཚེ་རྡོ་རྗེ་ལྟ་བུར་འཚོ་གཞེས་ཏེ། །བར་གཅོད་བགེགགས་རིགས་རྣམས་ཀྱིས་མི་ཚུགས་ཤོག །དགུ་ལྡན་རྩ་བརྒྱུད་བླ་མའི་བྱིན་རླབས་དང་། །རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །རྫོགས་ཆེན་ཨ་ཏིའི་རིང་ལུགས་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པར་ཤོག །   །།

ཞབས་བརྟན་གསོལ་འདེབས།

༄༅།   །ཨོཾ་སྭ་སྟི། །ཀུན་ཁྱབ་རྟག་བརྟན་འགྱུར་མེད་རྡོ་རྗེའི་ཁམས། །ཡོངས་གྲུབ་ཚེ་དང་ཡེ་ཤེས་འོད་མཐའ་ཡས༑ བདེ་བ་ཆེན་པོ་པདྨ་སམྦྷ་བས། །དེང་འདིར་མཆི་མེད་ཚེ་དབང་བྱིན་ཆེན་ཕོབ། །བདུད་བཞིའི་འཇིགས་ཚོགས་དང་བྲལ་དྲི་མེད་ཀྱི། །ཕུལ་བྱུང་བློ་གྲོས་ཉིན་མོར་བྱེད་པའི་གཟིས། །བསྐལ་བཟང་ཕན་བདེའི་ཤིང་རྟ་གསལ་མཛད་པ། །འགྲོ་འདུལ་གྲུབ་པའི་དབང་པོ་ཞབས་བརྟན་གསོལ། །རྒྱལ་དབང་པདྨའི་རིང་ལུགས་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་ཡོངས་བཟུང་སྟེ། །གྲུབ་གཉིོས་འདོད་འཇོའི་དགའ་སྟོན་སྤེལ་མཁས་པ། །རིག་འཛིན་རྒྱ་མཚོའི་དེད་དཔོན་འཚོ་གཞེས་གསོལ༑ སྐུ་ཚེ་གཞོམ་བྲལ་རྡོ་རྗེའི་ངོ་བོར་བརྟན། །ངོ་མཚར་མཛད་འཕྲིན་འོད་སྣང་མཁའ་ཁྱབ་བརྡལ། །ཆེར་སྙིགས་དུས་ཀྱི་རྒུད་པ་མཐར་བྱས་ཏེ། །བསྟན་འགྲོའི་དགེ་མཚན་པད་ཚལ་བཞད་གྱུར་ཅིག །ཅེས་སྔ་འགྱུར་བསྟན་པའི་མངའ་བདག་རྫོགས་ཆེན་པདྨ་རིག་འཛིན་གྱི་མཚོག་གི་སྤྲུལ་སྐུའི་ཞབས་བརྟན་བདེན་ཚིག་འདིའང་ལུང་རྟོགས་ཡོན་ཏན་གྱི་བདག་ཉིད་མཁན་པོ་ཟླ་ཟེར་ནས་བཀྲ་ཤིས་པའི་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་ལས་སངས་རྒྱས་གཉིས་པ་ཨོོཌི་ཡཱ་ནའི་གདམས་ངག་སྨྲ་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རབ་རྒྱལ་ལོ་ནག་པ་ཉ་བའི་ཡར་ངོ་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག     །སརྦ་མངྒ་ལཾ།། །།

ཐོག་འོག།༄༅།     །༈ བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བེ་གསོལ་བ་འདེབས༑ །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།   ༈   །ཕན་བདེ་འབྱུང་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེ་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག   ༈ །ཆོས་རྔ་ཆེན་པོའི་སྒྲ་ཡི་ནི། །སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་བསྟན་མཛད་ཅིང་བཞུགས་གྱུར་ཅིག   ༈ །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་བྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག ༈ །རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་བས་སྤྲུགས་པར་བྱིན་གྱིས་རློབས་ཤིག ༈ །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་དུ་གསོལ།   ༈   །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མ་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག ༈ །སྐྱེ་ཞིང་སྐྱེ་བ་དང་ནི་ཐམས་ཅད་དུ། །རིག་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག ༈ །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་ཆང་གི་གོ་འཕང་མྱུར་ཐོབ་ཤོག །།

དཀོན་མཆོག་སྤྱི་འདུས། །གསོལ་འདེབས།   ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་བྱུང་ལས། ཅིར་ཡང་ཤར་བའི་རིག་རྩལ་སྒྱུ་འཕྲུལ་ནི། གསང་སྔགས་སྙིང་མའི་བསྟན་འཛིན་བང་རི་བ། ཨོ་རྒྱན་ལས་འཕྲོ་གླིང་པར་གསོལ་བ་འདེབས། དང་པོ་མདོ་རྒྱུད་མན་ངག་ལེགས་པར་སྦྱངས། བར་དུ་བསྐྱེད་རྫོགས་དབྱེར་མེད་སྒྲུབ་པ་བཙུགས། ཡང་དག་དོན་གྱི་རབ་བྱངས་བང་རི་བ། རིག་འཛིན་མཇའ་ཚོན་སྙིང་པོར་གསོལ་བ་འདེབས། རྒྱལ་དབང་པདྨའི་ཡང་སྤྲུལ་དགེ་སྦྱོང་ཚུལ། བསྐལ་དུས་སྙིགས་མའི་འགྲོ་བའི་དཔལ་དུ་ཤར། བདག་འཛིན་རཱུ་ཏྲ་འཇོམས་པའི་བང་རི་བ། སྔགས་འཆང་ཧཱུྃ་ནག་མེ་བར་གསོལ་བ་འདེབས། དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། གནས་སྐབས་མཐར་ཐུག་དངོས་གྲུབ་ཆར་འབེབས་ཤིང། མཁྱེན་བརྩེ་ནུས་ལྡན་འཇའ་ཕུང་གྱུར། བདག་གཞན་དཀྱིལ་འཁོར་ཅིག་ཏུ་འགྲུབ་པར་ཤོག

།ཅེས་རིག་འཛིན་འཇའ་ཚོན་སྙིང་པོའི་གསོལ་འདེབས་འདི་ལ་ཉིན་རེ་ཚར་དྲུག་གམ་ལྔའམ་གསུམ་མམ་ཚར་རེ་མ་ཆག་པར་འདོན་ན་ངན་སོང་གསུམ་དུ་མི་འགྲོ། ཀོང་པོ་གཙང་ཕུག་ཏུ་རིག་འཛིན་འཇའ་ཚོན་སྙིང་པོའི་སྦྱར་བའོ། དགེ་འོ། དགེ་འོ།

ཨོཾ་ཨཱཿ ཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། ཡི་ཤེས་མཚོ་རྒྱལ་ཏིང་འཛིན་བཟང་པོ་ལ། གསོལ་བ་འདེབས་སོ་དབང་སྡུད་པདྨ་འབྱུང་། ཧཱུྃ་ནག་མེ་འབར་ཆོས་ཀྱི་རྒྱ་མཚོའི་ཞབས། པདྨ་རིག་འཛིན་ནམ་མཁའི་ཅན་སོགས། བརྒྱུད་ལྡན་བླ་མ་རྩ་བའི་བླ་མ་དང་། རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་ལ། གསོལ་བ་འདེབས་སོ་བྱིན་གྱིས་རླབས་ཏུ་གསོལ། ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། ཁྲེག་ཆོད་ཐོད་རྒོལ་ལམ་ལ་རྩལ་འབྱོང་ནས། སྐུ་དང་ཡེ་ཤེས་དབྱེར་མེད་མངོན་འགྱུར་ཏེ། མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག། ཀཱ་ཡ་ཝཱ་ཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་པ་འདི་ཡང་རིག་འཛིན་འཇའ་མཚོན་སྙིང་པོས་མཛད་པ་ལྟར་ཁ་བསྐང་བྱས་པའོ།། དགེའོ།།

སྔོན་གཏོར། དང་པོ་བགེགགས་ལ་བཀའ་བསྒོ་བར་འདོད་ན༔ སྣོད་གཙང་མའི་ནང་དུ་དཀར་གཏོར་པད་བདབ་བཞི་པ་དང་༔ ནག་ཕྱོགས་གཞི་བདག་ལ་དམར་གཏོར༔ དེ་གཉིས་བསངས་སྦྱངས་སྤེལ་ལ་འབུལ༔ དཀར་གསུམ་མངར་གསུམ་རིན་ཆེན་གསེར་སྐྱེམས་བདར༔

རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་བསྒོམས༔ ཐུགས་ཀའི་འོད་ཀྱིས་བགེགས་དང་གཞི་བདག་རྣམས་སྤྱན་དྲངས༔ གཏོར་མ་ཕུལ་བས་དགྱེས་པར་གྱུར༔ ཨོཾ་སྭབྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ་ཉཧཾ༔ སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གཙང་ལྡན་གྱི་གཏོར་མ་འདི་དཀར་གསུམ་མངར་གསུམ་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿ ཧཱུྃ༔ ལན་གསུམ་གྱིས་བརླབས་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿ ཧཱུྃ་ཕཏ་སྭཱ་ཧཱ་ལན་གསུམ་གྱིས། ཧཱུྃ༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི༔ ལྷ་ཆེན་ཐམས་ཅད་འཁོར་དང་བཅས༔ དགའ་བོ་འཇོག་པོ་དུང་སྐྱོང་སོགས༔ ཀླུ་རྣམས་མ་ལུས་འཁོར་དང་བཅས༔ མགུར་ལྷ་དགེ་བསྙེན་བསྟན་མའི་ཚོགས༔ ཕྱོགས་སྐྱོང་རྣམས་དང་གནོད་སྦྱིན་དང་༔ སྲིན་པོ་ཤ་ཆེན་ཟ་བ་དང་༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སྟོབས་ཆེན་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་དང་དམ་ལས་མ་འདའ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྣམ་བཞིའི་ལས་ཀྱི་དངོས་གྲུབ་སྩོལ༔ བདག་གི་བྱང་ཆུབ་མ་ཐོབ་བར༔ ཕྲིན་ལས་སྒྲབ་ལ་གྲོགས་ལྡན་མཛོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དཀར་གཏོར་དང་དམར་གཏོར་འབུལ༔ དེ་ནས་བགེགས་ཀྱི་གཏོར་མ་བྲན་ལ་སྦྱངས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས་ནས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་རྣམས་སུ་གྱུར༔ ཨོཾ་ཨཱཿ ཧཱུྃ༔ ལན་གསུམ་དང་༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་ཧཱུྃ༔ ལན་གསུམ། ཧྲཱིཿ ཐུགས་རྗེ་ཆེན་པོ་དབང་གི་སྐུ༔ རྟ་མཆོག་རོལ་པ་ཁྲོས་པའི་རྒྱལ༔ དབང་གི་རྟ་སྐད་འཚེར་བ་ཡིས༔ གདོན་བགེགས་འབྱུང་པོ་བཀུག་ཅིང་གཟིར༔ གསང་བ་སྒྲུབ་ལ་མི་དབང་བའི༔ གདོན་བགེགས་འབྱུང་པོན་ལན་ཆགས་ཚོགས༔ གླུད་ཀྱི་གཏོར་མ་འདི་ཁྱེར་ལ༔ རང་རང་སོ་སོའི་གནས་སུ་དེངས༔ ཅི་སྟེ་མི་འགྲོ་འཚེ་བྱེད་ན༔ ཆོས་ཀྱི་དབྱིངས་ཀྱི་ཏིང་འཛིན་དང་༔ ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློག༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས༔ ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ༔ གྷྲྀཧྣ་པ་ཡ༔ གྷྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿ བྷ་ག་ཝན༔ བིདྱ་རཱ་ཛ་ཀྲོ་དྷ་ཡཱ་ཧཱུྃ་ཕཊ༔ བརྗོད་ལ་གདོན་བགེགས་སྒྲུབ་ལ་མི་དབང་བ་རྣམས་མཐའི་རྒྱ་མཚོའི་ཕ་རོལ་དུ་བསྐྲད༔ བསྲུང་བའི་འཁོར་ལོའི་གོ་བསྒོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏི་སི་ནས་གདན་དྲངས་པའོ། གེའོ། མངྒ་ལཾ། ཨོཾ༔ མ་དཔེར་བརྡ་ཡིག་འདི་ལ་འདུག   ༔ ལེའུ་དང་པོནས༔ ཐ་མ་ངོ་སྤྲོད་ལག་ལེན་གྱིས༔ སྐལ་ལྡན་མྱུར་གྲོལ་གདམས་པ་བཤད༔ ཅེས་པ་དང་༔ ཕྲིན་ལས་རང་གཞུང་བསྟན་པ་ནི༔ བཀྲ་ཤིས་བྱིན་ཆགས་དབེན་གནས་སུ༔ ཞེས་སོགས་གསུངས་པའི་དང་པོ་ལས་བྱང་བསྟན་པ་ནི༔ དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་རྣམས༔ བག་དྲོ་རྒྱན་རོལ་མོ་དབྱངས་དང་བཅས༔ སྐུ་གསུང་ཐུགས་རྟེན་མཛེས་ཤིང་ཡིད་འོང་བཀྲམ༔ མཚམས་གཅོད་སྲུང་འཁོར་སྐྱབས་འགྲོ་སེམས་སྐྱེད་དང་༔ ཡན་ལག་བདུན་དང་མཆོད་པ་བྱིན་རླབས་བྱ༔ ཏིང་འཛིན་གསལ་ཞིང་བསྐྱེད་འདྲེན་མཆོད༔ བསྟོད་པ་སྔགས་བཟླས་ཚོགས་མཆོད་རྗེས་ལ་སོགས༔ དང་པོ་ལྟ་པའི་མཚམས་གཅོད་ནི༔ ཧྲཱིཿ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྵ་ཛྭ་ལ་རཾ༔ སྐྱབས་འགྲོ་སེམས་བསྐྱེད་ནི༔ ཨོཾ་ཨཱཿ ཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བ་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི༔ ཨོཾ་ཨཱཿ ཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམས་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིགས་ངང་དུ་ཡི་རང་ངོ༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ མཆོད་པ་བྱིན་བརླབ་ནི༔ རྃ་ཡྃ་ཁྃ༔ལན་གསུམ། ཨོཾ་ཨཱཿ ཧཱུྃ༔ལན་གསུམ། རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རག་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ཨོཾ་བྷཱུྃ་ཏྲཱྃ་ཧྲཱི༔ཨཱཿ ཏིང་འཛིན་ནི༔ ཨོཾ་ཨཱཿ ཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ ཟུང་འཛིན་སྤངས་བླངས་བྱ་བྱེད་མཐའ་ལས་འདས༔ པདྨ་སམྦྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱརྟུ་སྭ་བྷཱ་ཝ་ཨཱཿ ཧཱུྃ དངོས་གཞི་བསྐྱེད་པ་ནི༔ ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་བར་སྐུ༔ དཀར་གསལ་མདངས་མངའ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས༔ ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་མ་འབྱུང་གནས་ལ༔ འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ༔ ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་སྤྱན་དྲངས༔ དེ་ནས་སྤྱན་དྲངས་པ་ནི༔ ཧྲཱིཿ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་མ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿ ཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ༔ ཞེས་མང་དུ་བཟླ་ཞིང་བྱིན་དབབ༔ ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཏིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ པདྨ་འོད་བར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿ ཧཱུྃ༔ མཆོད་འོད་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ༔ ཨརྒཾ་པཱ་དྱཾ་སོགས གཞན་ཡང་མཆོད་རྫས་བྱེ་བྲག་ནི༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ མཆོད་ཡོན་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྙན་པོའི་རོལ་མོ་ཐུགས་ལ་འབུལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ༔ འདོད་ཡོན་མ་སྤངས་ཕྱི་མཆོད་འབུལ༔ ཉོན་མོངས་མ་སྤངས་ནང་མཆོད་འབུལ༔ འདུ་འབྲལ་མེད་པའི་གསང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལ༔ དུག་ལྔ་བསྒྲལ་པའི་རཀྟ་འབུལ༔ བྷ་ལིང་གཏོར་མའི་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ བླང་དོར་མེད་པའི་མཆོད་པ་འབུལ༔ ཨརྒཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱི་ཙྪ་ཨཱཿ ཧཱུྃ༔ མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧོ༔ བསྟོད་པ་ནི༔   ཧྲཱིཿ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེའི་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་འདུས་གཞོན་ནུ་ལོ་བརྒྱད་ཚུལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་པདྨ་འབྱུང་༔ འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར༔ དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་ལོ༔ ཐབས་ཤེས་དབྱེར་རྡོ་རྗེ་ཐོད་པ་དང་༔ ཟུག་འཇུག་ཚེ་དང་ཡེ་ཤེས་བུམ་པ་འཛིན༔ དུག་གསུམ་རྩད་གཅོད་ཁ་ཊཾ་ཡུམ་གྱི་ཚུལ༔ ཁྲོ་འཛུམ་འགྲོ་འདུལ་མཛད་ལ་ཕྱག་འཚལ་ལོ༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན༔ ཤ་བའི་སྙན་ཞུ་རྒོད་ལྡེམ་དར་སྣ་ལྔ༔ པདྨའི་གདན་ལ་མཚན་དང་དཔེ་བྱད་འབར༔ ཕྱི་ནང་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད༔ ཕྱོགས་བཅུ་ཀུན་ཀྱང་རྒྱལ་བའི་ཆོ་འཕྲུལ་ལས༔ ཆེ་ཆུང་མ་ངེས་སྐུ་གསུམ་ངང་དུ་བཞུགས༔ སྤྲུལ་པའི་གློག་སྟོང་འཁྱུག་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང་༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་མཆོད་དང་བསྟོད་བྱ་མི་དམིགས་ཀྱང་༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་དུ༔ ཐབས་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་རོལ་བ་ཆེན་པོར་ཕྲག་འཚལ་བསྟོད༔ བཟླས་པ་བྱ་བ་ནི༔ ང་ཉིད་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་རྟེན་གསེར་གྱི་རྡོ་རྗེའི་ཁང་སེང་དུ་ཡི་གེ་ཧཱུྃ་གིས་མཚན་པ། རྡོ་རྗེའི་མཐའ་བསྐོར་དུ་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ།

སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམསཅད་རང་ལ་བསྡུས། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཅི་བསྒོ་བའི་ལས་ཐམས་ཅད་རྩོལ་མེད་དུ་བསྒྲུབས། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་བས་ཚིམ་པར་བྱས༔ འོད་ཟེར་འཕྲོ་འདུ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གསལ་བར་གྱུར༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་སོ༔ སྤོས་དྲ་ངད་ལྡན་ཐུ་ལེ་བ༔ ཉམས་དང་རྨི་ལམ་འགྱུར་བའི་ཚེ༔ ཟབ་སྙིང་འདི་ནི་དབྱངས་ཆུང་ངུ༔ སྐབས་སུཐུན་བར་འཁྲབ་ཅིང་བཟླ༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་བྲལ་མེད༔ འབྱུང་པོ་དྲེགས་པ་འདར་ཞིང་བརྒྱལ༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་དུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་དུ་འོང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ ཅེས་གསུངས་སོ༔ ཕྲིན་ལས་བཞི་བསྒྲུབ་པ་ནི༔ ཞི་བ་རྩ་སྔགས་ཤམ་བུ་རུ༔ ཨོཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་ཕྲག་སོགས༔ སྨོན་ལམ་ཀ་བསྒྱུར་འདི་བཞིན་བྱ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དཔལ༔ རྣོ་བའི་མཚོན་དང་སྦྱོར ་བའི་དུག༔ སྟོང་ཕྲག་བརྒྱད་བཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨི་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ རྒྱས་པ་རྩ་སྔགས་ཤམ་བུར༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ དབང་གི་རྩ་སྔགས་ཤམ་བུ་རུ༔ ཧྲཱིཿ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ དྲག་པོའི་རྩ་སྔགས་ཤཾ་བུ་རུ༔ ཧཱུྃ་མཱ་ར་ཡ་ཕཊ༔ དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཚེ་བསྒྲུབ་ནི༔ རང་གི་ཐུགས་ཀར་པདྨ་དཀར་པོ་འདམ་མ་བརྒྱད་པའི་ལྟེ་བར་ཧྲཱིཿ དཀར་པོ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་འཁོར་བ

་ལས་འོད་ཟེར་འཕྲོ་འདུའི་ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་དང་༔ མདོར་ན་སེམས་ཅན་སོད་ནམས་ཅན་དཀར་པོ་དགེ་བའི་ལས

་སྒྲུབ་ཅིང་དབང་ཆེ་བ་རྩལ་དྲག་པ་འཁོར་མང་བ༔ ཡོན་ཏན་ཆེ་བ་སྟོབས་དང་སྙན་གྲགས་ལྡན་པ༔ གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ན

མས་ཐམས་ཅད་ཡི་གེ་ཎིའི་རྣམ་པ་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི༔ བདག་མདུན་གྱི་སྤྱི་བོའི་གཙུག་ནས་སིབ་སིབ་ཐིམ་པས་འཆི་མེད་

ཚེ་ཡི་རིག་འཛིན་བརྙེས་པར་གྱུར་བར་བསམས་ལ༔   ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ཎི་ཛ༔ ཞེས་བཟླ་ཞིང་བསྒྲུབ་བོ༔ ཐུན་མཐར་མཆོད་ཅིང་བསྟོད་ནས་གསོལ་བ་བཏབ་པ་ནི༔   ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མོས་གུས་ཀྱི་སྨོན་ལམ་གདབ་པ་ནི༔ ནད་རིགས་བཞི་རྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཚེ་འགུག་ནི༔ ཧྲཱི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་དབང་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འགྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམས༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ཎི་ཛ༔ ཞེས་དང་དབང་ཡིད་ལེན་བྱ། དེ་ནས་ཞི་བ་གནས་འགྱུར་རིག་འཛིན་དྲག་པོར་གསལ་ཞིང་། སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོགས༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུ་ཞེངས་ལ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱུད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི༔ ཧཱུྃཿ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་གྲགས་འབར་ཁྱོད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུག༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུང་༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བསྟོད་པ་ནི། ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་དོར་སྟོབས་བསྒྲད༔ ཞལ་གདངས་ལྗངས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་རོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་འཁྱིལ༔ དྲེགས་པ་ཕོ་མོ་འདར་ཞིང་སྔགས་བར་བྱེད༔ ཤངས་ནས་རླུང་འཚུབ་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་ནོན༔ རལ་པ་ཁམས་ནག་ནམ་མཁའི་དབྱིངས་ལ་བསྒྲེངས༔ ཁྲོ་ཆུ་མང་པོས་དགྲ་བགེགས་ཐལ་བར་རློག༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་ཟློག༔ གཡོན་པས་ལྕགས་སྡིག་ནག་པོས་སྤྲུལ་པ་འགྱིད༔ ཀླུ་རྣམས་འདུལ་ཕྱིར་སྤྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་བརྒྱན་ནམ་མཁའ་འགྲོ་རོལ་དུ་འཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚ་ཚ་འཕྲོ༔ མེ་དུད་ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུག༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱོད་ལ་གདུང་བའི་འབོད་ལགས་ན༔ ཁྱེད་ཀྱི་ཐུགས་དམ་གནད་ནས་ད་བསྐུལ་ཅིག༔ གདུག་པའི་དགྲ་བགེགགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ སྡེ་བརྒྱད་ལྷ་སྲིན་འདུལ་བའི་དུས་ལ་བབ༔ བེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ མཐའ་ཡི་དམག་བཟློག་པའི་དུས་ལ་བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ ཛཔྲ་ནི༔ རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་བསྐོར་དུ་སྔགས་ཕྲེང་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས་པས༔ མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ སྣང་སྲིད་ཐམས་ཅད་རིག་འཛིན་དྲག་པོའི་སྐུར་གསལ་བར་གྱུར༔ ཨོཾ་ཨཱ་ཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་ཤམ་བུ་རུ༔   ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་༔བྷྱོ་བྷྱོ་བཟློག་བཟློག་བྷྱོ་བཟློག་ཅིག༔ ཅེས་བཟླས༔ དྲག་པོ་གནས་འགྱུར་སེང་གདོང་མར་བསྒོམ་ཞིང༔ སྤྱན་འདྲེན་པ་ནི༔   ཧཱུྃ་བྷྱོ༔   མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ གྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེངྒེའི་གདོང་༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུས་གསུམ་སྒྲོལ་༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱཀྐི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱངས་ཐབས་ཤེས་དབྱར་མེད་ངང༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོཿ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐངས༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་སུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉིལ་ལི༔ མཁའ་འགྲོ་འཁོར་བཅས་ཏུགས་བཅས་ཏུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱཀྐི་སིང་ཧ་མུ་ཁ༔ ཨརྒྷཾ་སོགས་ནས་ཤཔྟ་པྲ་ཏཱི་ཙྪ་ཡེ་སྭཱཧཱ༔ མཧཱ་མཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ༔ བ་ལིཾ་ཏ་ཁ་ཧི༔ བསྟོད་པ་ནི༔ ཞི་ཆགས་ཁྲོ་མོའི་རྣམ་འགྱུར་གྱིས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་དག༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མར༔ གུས་པས་འདུད་དོ་དངོས་གྲུབ་སྩོལ༔ ཛཔྲ་ནི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཕྲེང་སྔོན་པོས་གཡོན་དུ་བསྐོར་བ་དེ་ལས་འོད་ཟེར་འཕྲོས་དམ་ཆོས་བསྒྲུབ་པའི་ཆད་ཐམས་ཅད་སྤུ་གྲིས་སྐྲ་བཞར་བ་ལྟར་སོང་བ་སྒོམ། ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཅེས་བཟླས༔ སེང་གདོང་བཟློག་པ་ནི། ན་མོ༔ བླ་མ་ལ་ཕྱག་འཚལ་ལོ། སངས་རྒྱས་ལ་ཕྱག་འཚལ་ལོ། ཆོས་ལ་ཕྱག་འཚལ་ལོ། དགེ་འདུན་ལ་ཕྱག་འཚལ་ལོ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོའི་   ཚོགས་ཀྱིས་བསྐོར་བ་རྣམས་ལ་ཕྱག་འཚལ་ལོ། །ཁྱོད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་གི་བདེན་པའི་ཚིག་འདི་གྲུབ་པར་གྱུར་ཅིག །སྔོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཁའ་འགོ་མ་སེང་གེའི་གདོང་པ་ཅན་གྱི་ལྟ་སྒོམ་ཟབ་མོ་ཡིད་ལ་བྱས་ཤིང་། སྔགས་བསྒྲུབ་ཟབ་མོ་ཁ་ཏོན་དུ་བགྱིས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། ཕྱི་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱའི་ངན་སྔགས་ཕྱིར་བཟློག་པ་དེ་བཞིན་དུ། བདག་གིས་ཀྱང་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ལྟ་སྒོམ་ཟབ་མོ་ཡིད་ལ་བྱས་ཤིང་། སྔགས་བསྒྲུབ་ཟབ་མོ་ཁ་ཏོན་ཏུ་བགྱིས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ་དགོས་དཔལ་ལྡན་བླ་མའི་སྐུ་དགྲ ཁྱད་པར་དུ་རིག་འཛིན་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ་སྔོན་གྱི་ལས་དང་། འཕྲལ་གྱི་རྐེན་ལས་གྱུར་པའི་ཕྱི་ནང་འགལ་རྐེན་བར་ཆད་མི་མཐུན་པའི་ཕྱོགས་མི་དང་མི་མ་ཡིན་པའི་གནོད་པ་བསམ་ངན་སྦྱོར་རྩུབ། གཞན་གྱི་བྱད་ཁ་རྦོད་གཏོང་དམོད་ཚིག་གི་སྦྱོར་བ་ངན་པ། ཕ་རོལ་གྱིས་མཐུ་མནན་གཏད་གཟེར་གསུམ་མི་ཁ་པྲ་མཆུ་ལོ་སྐེག་ཟླ་སྐེག་ཞག་སྐེག་ཟ་སྐེག་རྨི་ལམ་ངན་པ་མཚན་མ་ངན་པ། སྤང་བྱ་མི་མཐུན་པའི་ཕྱོགས་ནད་དང་གདོན་དང་རྐྱེན་དང་རིམས་དང་བར་དུ་གཅོད་པ་ཐམས་ཅད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་བཀའ་ཡི་བདེན་པས་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །བརླག་པར་གྱུར་ཅིག   །ཧཱུྃ། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་བྱད་མ་ཐམས་ཅད་ཀུན། ལུས་སྲོག་ཐལ་བའི་རྡུལ་བཞིན་བརློགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། མཁའ་འགྲོའི་གོ་འཕང་མྱུར་ཐོབ་ཤོག ། །།ཚོགས་མཆོད་ནི༔ ཧྲཱི༔ བདག་ཉིད་ལྷ་ཡི་ཐུགས་ཀར་ནས༔ ཡི་གེ་རྃ་ཡྃ་ཁཾ་གསུམ་འཕྲོས༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེག་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ རྃ་ཡྃ་ཁཾཿ ལན་གསུམ་བརྗོད༔ ཨོཾ་ཨཱཿ ཧཱུྃཿ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ ཨོཾ་ཨཱཿ ཧཱུྃཿ ལན་གསུམ་བརྗོད༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ ནམ་མཁའི་ས་གཞི་བར་སྣང་གང་༔ གནས་ཁང་འདི་ལ་བྱིན་ཅིག་ཕོབ༔ ཚོགས་དང་དམ་རྫས་དྭངས་རེ་སྤྲོ༔ ལྷུན་འགྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔   ཨོཾཨཱཿ ཧཱུྃཿ ཚོགས་མཆོད་འོད་ཕུང་འབར་བ་འདི༔ མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས༔ གཉིས་འཛིན་འཁྲུལ་སྣང་རུ་ཏྲ་འདིཿ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿ ཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀིཾ་ནི་རི་ཏི་གྷ་ན་ཙཀྲ་པཱུ་ཛ་ཁ་ཧི༔ བསྐང་བ་གཞན་དང་༔ ་རག་ལ་སོགས་ཟུང་བཞིའི་བཤགས་པ་སོགས་འདིར་བྱའོ། ཨོཾཿ ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་རྒྱལ་བའི་སྤྱི་བསྐང་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་གང་ཞིག་གི་ཚོགས་གཉིས་མཆོག་ཏུ་གྱུར་པ་ཞི་ཁྲོ་བཀའ་བརྒྱད་ཀྱི་སྒྲུབ་པ་ཆེན་པོའམ༔་བསྙེན་བསྒྲུབ་དབང་དུས་ཚོགས་མཆོད་ཀྱི་སྐབས་སུ༔ ཚོགས་གཏོར་ཅི་འབྱོར་པ་སྟོབས་བསྐྱེད་ལ་བཤམས༔ ཕྲིན་ལས་གཞུང་བསྲང་ཚོགས་ཀྱི་སྐབས་སུ་བབ་པ་དང་༔ བསངས་སྦྱངས་སྤེལ་བ་བྱིན་རླབས་རྣམས་མཆོད་གཞུང་ནས་བྱུང་བ་ལྟར་བྱས༔ བསྐང་བའི་ཆོ་ག་ནི་ལྟ་བསྒོམ་དང་ལྡན་པས་འདི་སྐད་དོ༔ ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང་༔ མ་འོངས་ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང་༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་༔ ས་དང་ལམ་ལ་གནས་ནས་སྟན་པ་སྐྱོང་༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་༔ ལྟ་བསྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ དངོས་གྲུབ་ཐོགས་པ་མེད་པར་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་༔ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་གྱུར་ཆོས་སྐུའི་ཐུགས་དམ་བསྐང་༔ སྡུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་༔ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས་དམ་བསྐང་༔   ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་བའི་ཐུགས་དམ་བསྐང་༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་༔ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་མཆོག་གཡོ་བ་མེད་པའི་ཐུགས་དམ་བསྐང་༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང་༔ ཕྲིན་ལས་དྲག་པོ་སྒྲོལ་བའི་སྐྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང་༔ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་རྫས་རྡ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་༔ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བླ་མེད་དཀོན་མཆོག་སྤྱི་འདུས་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་སྐྱིལ་འཁོར་ནས༔ གུ་རུ་དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་བ༔ མཁའ་འགྲོ་སེངྒེའི་གདོང་ཅན་ཐུགས་དམ་བསྐང་༔ སངས་རྒྱས་ཀུན་གྱི་བསྟན་པ་བསྲུང་མཛད་པའི༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་༔ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས་དམ་བསྐང༔ སྒྲུབ་པ་པོ་ལ་ལོངས་སྤྱོད་ཆར་འབེབས་པའི༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང་༔ སྟོང་ཁམས་འདི་ན་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་ར་ཧུ་ལ་ཡི་ཐུགས་དམ་བསྐང་༔ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་དུ་བསྐོས༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་༔ ཨོ་རྒྱན་པདྨའི་བཀའ་ཡིས་གཉེེར་དུ་བསྐོས༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཚུལ་བཞིན་སྒྲུབ་པར་བྱེད་པའི་གྲོགས་མཛད་པའི༔ གཞི་བདག་གཞིས་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ པདྨ་མཾ་ས་སྦྱར་བའི་རཀྵ་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ ཚོགས་ཀྱི་ཡོ་བྱད་ལོངས་སྤྱོད་རྒྱ་ཆེན་འདིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་སྐོང་ནས༔ བདག་གི་གཡར་དམ་གཉན་པོ་སོར་སྩོལ་ཅིག༔ སྐོང་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔   ཧཱུྃ༔ བསྐང་དུ་མེད་དེའི་སྐྱེ་མེད་ངང་དུ་བསྐང་༔ མཆོད་དུ་མེད་དེ་གཉེས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་ཡེ་ཤེས་ཆེན་པོར་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྠ༔ ཌི་དྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝ་ན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མཧཱ་ས་མ་ཡ་སཏྭ་ཨཱ༔ ཕུད་ནམ་མཁར་འབུལ་ཞིང་འདི་སྐད་དོ༔ ཨོཾ་ཨཱཿ ཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ་ཚོགས་ལ་རོལ༔ མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ༔

ཆོས་སྐྱོང་རྒྱ་མཚོ་ཚོགས་ལ་རོལ༔ ནོར་ལྷ་རྒྱ་མཚོ་ཚོགས་ལ་རོལ༔ སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ༔ ཡུལ་ལྷ་གཞི་བདག་ཚོགས་ལ་རོལ༔ རིགས་དྲུག་ཕ་མ་ཚོགས་ལ་རོལ༔ ལན་ཆགས་བགེགས་རིགས་ཚོགས་ལ་རོལ༔ ལ་ལ་ཕྱི་ཡི་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ དེ་ཁོ་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ ཞེས་པ་འདི་ཞི་ཁྲོ་བཀའ་བརྒྱད་ཀྱི་ནང་ནས་རིག་འཛིན་འཇའ་ཚོན་པས་ཁོལ་དུ་ཕྱུང་བའོ༔ ཐམས་ཅད་ཚོགས་ལ་རོལ༔ རྗེས་ལྷག་མ་བསྔོ་བ་ནི་ཞལ་ཕུ་བཏབ་ཅིང་༔ ཨོཾ་ཨཱཿ ཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་འཐིབས་ཤིང་ཧབ་ཤར་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛད༔ ཨོཾ་ཨཱུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བསྐུལ་ནི། ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་གྱི༔ སྐུ་ལ་མེ་འོད་མཚོན་ཆ་ཡུ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་ལྡིེར༔ མཁའ་འགྲོ་རབ་འཇིགས་གཡོན་ནས་ཕཊ་སྒྲ་སྒྲོག༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་ཟིང་༔ ལྷ་སྲིན་སྡེ་བརྒྱད་བྲན་བཞིན་རོལ་དུ་ཁྲིད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟ༔ ཧོར་སོག་འཇིགས་པའི་དམག་དཔུང་མྱུར་དུ་བཟློག༔ རང་རང་གནས་སུ་བྱང་ཆུབ་སྒྲུབ་པ་ཡི༔ འཕྲིན་ལས་དུས་ལ་བབ་བོ་ས་མ་ཡ༔ སེང་གདོང་མའི་བསྐུལ་ནི། ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོཿ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབུས་ནས་བཞེངས༔ སྲུང་མ་འཁོར་དུ་རོལ་ཞིང་བཞེངས༔ བདག་ལ་གནག་པའི་དགྲ་བོ་འདི༔ བླ་མ་དམ་པའི་སྐུ་ལ་བརྡོས༔ སངས་རྒྱས་བསྟན་པའི་མིང་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཆོས་མཛད་ཡོངས་ལ་བརྙེས་སུ་བྱས༔ དགེ་བ་བཅུ་ཡི་བསོད་ནམས་བཅག༔ མི་དགེ་བཅུ་ནི་དང་དུ་བླངས༔ རྣལ་འབྱོར་བདག་ལ་བསྡོས་སུ་བཙུགས༔ སྔགས་སྲུང་ཁྱོད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་བཅུ་ནི་ལས་ལ་བསྐུལ༔ འདི་ལ་ཁྱོད་ཀྱི་མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱེད་ཀྱང་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་ཡིད་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པ་མི་བསླུའམ༔ དགྲ་བོ་ཚེ་ཟད་དུས་ཐེབས་ན༔ ཁྱོད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོན་དང་ཟླ་བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ དུས་ལ་བབ་བོ་ས་མ་ཡ༔ ཆད་ཐོ་ནི༔   ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང་༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མིའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང་༔ རྒྱུད་གསུང་གཏེར་དུ་སྦས་དང་གཏོན་པའི་པའི་ཚེ༔ སྣང་སྲིད་སོ་སོས་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང་༔ ཧོར་སོག་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ བསྟན་སྐྱོང་ནི༔ ཨོཾ་ཨཱཿ ཧཱུྃ༔ ཁྱད་པར་སློབ་དཔོན་ཆེན་པདྨའི་བཀའ་སྒྲུབ་པ༔ བོད་ཁམས་སྐྱོངས་བའི་བརྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་དང་༔ ཡང་ཟབ་་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་མཛོད༔ གཏོར་བྲོ་ནི༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ༔ དབང་དྲག་ལྷ་ཚོགས་བྲོ་གཟུང་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ རྣལ་འབྱོར་དམ་སྲི་འདུལ་བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ སུམྦྷ་ནི་སོགས་རྗེས་སུ༔ ཧཱུྃ་ཧཱུྃ༔ ལཾ་ལཾ༔ སྟྭཾ་བྷ་ཡ་ན་ན༔ རྗེས་ནི༔ མཆོད་བསྟོད་ཡིག་བརྒྱ་བཟླ་ཞིང་༔ ཨེ་མ་ཧོ༔ བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས༔ སྡིག་སྒྲིབ་ཉམས་ཆགས་མ་ལུས་ཀུན་བྱང་སྟེ༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང་༔ བྱིན་རླབས་རྩལ་དབང་གཟི་བརྗིད་ནུས་མཐུ་ལྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿ ཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་བུ་ཡི༔ འཔང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ བཀྲ་ཤིས༔   ཨེ་མ་ཧོཿ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ རྫོགས་རིམ་བྱ་བ་ནི། ཨོཾ་ཨཱཿ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ སྒྱུ་ལུས་གཞལ་ཡས་ཁང་ལ་བསྡུ༔ དེ་ཡང་མར་འོད་དུ་ཞུ༔ སྔགས་འཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་བཞིན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇལ་བར་གྱུར༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ དངོས་ཧམ་ཕྲང་མཚོ་གཉནསྟེང་གི་བྲག་རི་རྡོ་རྗེ་གནམ་ལངས་དྲང་བའི་འོག་ནས༔ རིག་འཛིན་འཇའ་ཚོན་སྙིང་པོས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ༔ མངྒ་ལཾ། འདིར་སྔོན་གྱི་ཕྱག་བཞེས་སླད་མེད་དང་གཏེར་གཞུང་ལྟར་ཡོད་པས་ཕྱིན་ཆད་

གཞན་གྱིས་བཅོས་བསྒྱུར་མ་བྱས་པ་འདི་ཁོ་ན་ལྟར་ཉམས་སུ་ལེན་པ་ཉིད་ལེགས་སོ། ཏིཥྛ་དྷཱ་ཛམངྒ་ལཾ།། །།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།